ཨར་ཅི་རི་ཡཱའི་ཙུང་ཐུང་གིས་ནེ་ཀི་སྐོར་ཞིག་ལ་བཅོས་སྒྲིག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡཱའི་ཙུང་ཐུང་ཐི་པིན་གྱིས་ཚེས་ཉེར་གཅིག་ཉིན་བཀའ་རྒྱ་བཀོད་དེ། ནེ་ཀི་སྐོར་ཞིག་ལ་བཅོས་སྒྲིག་བྱས། 

ཨར་ཅི་རི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཐི་པིན་གྱིས་ཅེ་ལཱ་ཏི་སྲིད་གཞུང་གི་ཙུང་ལིའི་ལས་གནས་ནས་སྔ་སོར་འཇོག་པ་དང་། བཟོ་ལས་པུའུ་ཀྲང་དང་། ནུས་ཁུངས་པུའུ་ཀྲང་། གནས་སྐོར་པུའུ་ཀྲང་། ཆུའི་ཐོན་ཁུངས་པུའུ་ཀྲང་སོགས་པུའུ་ཀྲང་བདུན་གྱི་ལས་འགན་ལེན་པའི་ཞོར་དུ་པུའུ་ཀྲང་གསར་བ་རེ་འགའ་བསྐོ་འཇོག་བྱེད་རྒྱུ་ཐག་བཅད། ཐི་པིན་གྱིས་ཉིན་དེར་ད་རུང་དམངས་གྲོས་ཁང་གཏོར་བའི་བཀའ་རྒྱའང་བཀོད། 

ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། ཐི་པིན་གྱིས་དམངས་གྲོས་ཁང་གཏོར་ནས་ནེ་ཀི་ལ་བཅོས་སྒྲིག་བྱས་ཏེ་རྣམ་འགྱུར་མི་ལེགས་པའི་ནེ་ཀིའི་ཁོངས་མི་རེ་འགའ་བརྗེ་སྤོར་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་རེད། 

ཨར་ཅི་རི་ཡཱའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་གིས་ཙུང་ལི་དང་ནེ་ཀིའི་ཁོངས་མི་གཞན་པ་བསྐོ་འཇོག་བྱེད་པའི་དབང་ཆ་ཡོད་པ་དང་། དམངས་གྲོས་ཁང་གཏོར་ནས་ཟླ་གསུམ་གྱི་ནང་འདེམ་བསྐོའི་བྱ་འགུལ་སྤེལ་བའི་དབང་ཆའང་ཡོད་པ་རེད། 

ཨར་ཅི་རི་ཡཱའི་གྲོས་ཁང་དེ་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གིས་གྲུབ་པ་དང་། དེའི་ནང་དམངས་གྲོས་ཁང་གི་ཁོངས་མི་དག་ཁྱབ་འདེམ་ལས་བདམས་ཐོན་བྱེད་པ་ཡིན་ལ། འགན་ཡུན་ལོ་ལྔ་རེད། ཨར་ཅི་རི་ཡཱའི་ཐེངས་སྔོན་མའི་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཉིས་སྟོང་བཅུ་བདུན་ལོའི་ཟླ་ལྔ་བར་སྤེལ་བ་རེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།