ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་དམག་དོན་གནམ་གྲུ་ཞིག་སར་ལྷུང་ནས་མི་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ2ཚེས21ཉིན། ནེ་ཀྲི་རི་ཡཱའི་རྒྱལ་ས་ཨ་པུའུ་ཅཱ་ནས། ས་དེའི་མང་ཚོགས་དང་རྒུད་སྐྱོབ་མི་སྣ་དམག་དོན་གནམ་གྲུ་ལྷུང་སའི་ཡུལ་དངོས་སུ་འདུས་ཡོད། 

2.jpg

ཟླ2ཚེས21ཉིན། ནེ་ཀྲི་རི་ཡཱའི་རྒྱལ་ས་ཨ་པུའུ་ཅཱ་ནས། རྒུད་སྐྱོབ་མི་སྣས་དམག་དོན་གནམ་གྲུ་སར་ལྷུང་སའི་ཡུལ་དངོས་སུ་རྒུད་སྐྱོབ་བྱ་བ་སྤེལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་གཅིག་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་མཁའ་དམག་གི་གནམ་གྲུ་ཞིག་གི་སྒུལ་འཁོར་ལ་ཆག་སྐྱོན་བྱུང་བའི་དབང་གིས་ཉིན་དེར་རྒྱལ་ས་ཨ་པུའུ་ཅཱ་ཡི་གནམ་གྲུ་ཐང་ཞིག་གི་ཉེ་འདབས་ནས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་མི་བདུན་པོ་ཚང་མ་རྐྱེན་ལམ་དུ་ཤོར་ཟེར། 

ནེ་ཀྲི་རི་ཡཱའི་མཁའ་དམག་གི་མགྲིན་ཚབ་པ་ཏཱ་ལཱ་མའོ་ལཱ་ཡིས་ཉིན་དེར་ཨ་པུའུ་ཅཱ་ནས་གསལ་སྒྲོག་སྤེལ་ཏེ། ནེ་ཀྲི་རི་ཡཱའི་མཁའ་དམག་གི་གནམ་གྲུ་ཞིག་ཉིན་དེར་ཨ་པུའུ་ཅཱ་ནས་དབུས་བྱང་གི་མེན་ནཱ་གྲོང་ཁྱེར་དུ་འཕུར་སྐབས་སྒུལ་འཁོར་ལ་ཆག་སྐྱོན་བྱུང་བ་དང་། ཕྱིར་གནམ་གྲུ་ཐང་དུ་ལོག་སྐབས་ཨ་པུའུ་ཅཱ་ཡི་གནམ་གྲུ་ཐང་ཞིག་གི་ཉེ་འདབས་ནས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་མི་བདུན་པོ་ཚང་མ་རྐྱེན་ལམ་དུ་ཤོར་ཟེར། 

ཏཱ་ལཱ་མའོ་ལཱ་ཡིས་བཤད་རྒྱུར། མེ་གསོད་དང་རྒུད་སྐྱོབ་མི་སྣ་གནམ་གྲུ་ལྷུང་སའི་ཡུལ་དངོས་སུ་འབྱོར་ཡོད་ཟེར། ནེ་ཀྲི་རི་ཡཱའི་མཁའ་དམག་གི་ཇུས་འདོན་དཔོན་པོ་ཨེ་མའོ་ཡིས་བཀའ་རྒྱ་བཏང་སྟེ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་དེར་རྟོག་དཔྱོད་གསལ་བོ་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།