ཀྲུང་གོ་བོད་ཀྱི་དྲ་བ།

ཅིན་པཱ་པུའུ་ཝེའི་རིམས་ནད་ཚབས་ཆེ་ཤོས་ཀྱི་ཞིང་ཆེན་ཐོག་མར་ཀྲུང་གོའི་རིམས་འགོག་སྨན་ཁབ་ཁག་དང་པོ་འབྱོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅིན་པཱ་པུའུ་ཝེ་ཡི་ཙུང་ཐུང་གཞོན་པ་དང་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་ཆི་ཝུན་ཅཱ་ཡིས་ཀྲུང་གོའི་རྒྱལ་སྨན་བཟོ་གྲྭས་ཐོན་སྐྱེད་བྱས་པའི་འགོག་ཁབ་བརྒྱབ།

ཨ་ཧྥེ་རི་ཁ་གསར་འགྱུར་ཁང་ཁོངས་གཏོགས་ཀྱི་ཨ་ཧྥེ་རི་ཁ་ཡོངས་ཀྱི་དྲ་ཚུགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཅིན་པཱ་པུའུ་ཝེ་ཡི་པེ་མཱ་ཐཱ་ལའེ་ལན་པེ་ཞིང་ཆེན་ནི་རྒྱལ་ཁབ་དེའི་གསར་དུ་བདམས་པའི་པྲོག་གསར་གློ་ཚད་རིམས་ནད་ཐོན་པའི་ཞིང་ཆེན་དང་པོ་ཡིན་པ་དང་མིག་སྔར་ཞིང་ཆེན་དེར་ཀྲུང་གོའི་རོགས་སྐྱོར་རིམས་འགོག་སྨན་ཁབ་ཁག་དང་པོ་དེ་འབྱོར་ཡོད་པ་རེད། གཟའ་འཁོར་འདིའི་གཟའ་སྤེན་པ་སྟེ་ཚེས་ཉི་ཤུ་ཉིན། རིམས་འགོག་སྨན་ཁབ་ས་གནས་དེ་གའི་ས་ཁུལ་བདུན་ལ་བསྐུར་པ་རེད།

པེ་མཱ་ཐཱ་ལའེ་ལན་པེ་ཞིང་ཆེན་འཕྲོད་བསྟེན་ཅུའུ་ཡི་ཅུའུ་ཀྲང་ཕཱ་ཏེན་ཅཱ་ཉིས་བཤད་རྒྱུར། རིམས་འགོག་སྨན་ཁབ་ཁག་དང་པོ་དེ་འཕྲོད་བསྟེན་པུའུ་ཡི་ལས་བཟོ་བ་དང་གནས་སྤོས་ཡུལ་མི། ཁྲལ་དོན་ཅུའུ། བདེ་སྲུང་ལས་ཁུངས་ཀྱི་མི་སྣ་བཅས་ལ་རྒྱག་དགོས་པ་དང་། འདི་ནི་ཀྲུང་གོ་ནས་འབྱོར་བའི་སྨན་ཁབ་སྐོར་ཞིག་ཡིན་པ་དང་ཚེས19ཉིན་ཞིང་ཆེན་དེ་གར་འཕྲོད་དགོས།

ཀྲུང་གོའི་རོགས་སྐྱོར་རིམས་འགོག་སྨན་ཁབ་ཁག་དང་པོ་དེ་ཟླ2པའི་ཚེས15ཉིན་ཅིན་པཱ་པུའུ་ཝེའི་སྲིད་གཞུང་གིས་རྒྱལ་ས་ཧཱ་ལཱ་ལེ་རུ་བསྐྱལ་པ་དང་། འདི་ནི་ཅིན་པཱ་པུའུ་ཝེར་ཐོབ་པའི་རིམས་འགོག་སྨན་ཁབ་ཁག་དང་པོ་ཡིན་པ་རེད། དེ་གའི་སྲིད་གཞུང་གིས་ད་དུང་ཀྲུང་གོའི་ཕྱོགས་ནས་སྨན་ཁབ་ཁག་ཅིག་ཉོ་རྒྱུ་བྱས་པ་དང་ཟླ་གསུམ་པའི་ཟླ་སྟོད་ལ་དེ་གར་ཐོན་རྒྱུ་བྱས། ཚེས་ཉི་ཤུ་ཉིན། ཅིན་པཱ་པུའུ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝཱས་རྒྱལ་ཁབ་ཀྱི་བརྙན་འཕྲིན་ཁང་བརྒྱུད་དེ་གཏམ་བཤད་པ་དང་ཡང་བསྐྱར་ཀྲུང་གོས་ཅིན་པཱ་པུའུ་ཝེ་ཕྱོགས་ལ་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས། འདི་ནི་ཟླ་འདིའི་ཚེས12ཚུན་དུ་མུའུ་ནན་ཅཱ་ཀུའུ་ཝཱས་ཀྲུང་གོས་ཅིན་པཱ་པུའུ་ཝེ་ཕྱོགས་ལ་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུ་ཐེངས་ལྔ་བ་རེད།

ཅིན་པཱ་པུའུ་ཝེ་རུ་པྲོག་གསར་རིམས་ནད་བསྐྱར་བྱུང་གི་ཉེན་ཁར་འཕྲད་ཡོད་ལ་ཅིན་པཱ་པུའུ་ཝེ་སྲིད་གཞུང་གིས་ཨ་སྒོར་དུང་ཕྱུར་གཅིག་གསོག་ནས་སྨན་ཁབ་ཉོ་བར་སྤྱད་པ་དང་། རྒྱལ་ཡོངས་མི་འབོར་གྱི60%ལ་རིན་མེད་ངང་སྨན་ཁབ་རྒྱག་པའི་འཆར་གཞི་བཟོས་ཡོད་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། ཚེས22ཉིན་ནས་བཟུང་ཅིན་པཱ་པུའུ་ཝེ་རྒྱབ་ཁབ་ཡོངས་སུ་རིམས་འགོག་སྨན་ཁབ་རྒྱག་རྒྱུ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།