ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་མཉམ་འབྲེལ་སྲིད་གཞུང་གི་རྒྱལ་སྲུང་པུའུ་ཡིས་ཧུའུ་སེ་དྲག་ཆས་མི་སྣ་བཞི་བཅུ་ཚར་གཅོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་མཉམ་འབྲེལ་སྲིད་གཞུང་གི་རྒྱལ་སྲུང་པུའུ་ཡིས་ཚེས་ཉི་ཤུ་ཉིན་སྤྱི་སྒྲོག་སྤེལ་ཏེ། སྲིད་གཞུང་དམག་དཔུང་གིས་ཉིན་དེར་བྱང་ཕྱོགས་ཀྱི་མཱ་ལི་པུའུ་ཞིང་ཆེན་ནས་མེ་སྒྱོགས་བཀོད་དེ་ཧུའུ་སེ་དྲག་ཆས་པའི་མི་སྣ་བཞི་བཅུ་ཚར་གཅོད་བྱས་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་གཏོང་འཕེན་བྱས་པའི་མེ་སྒྱོགས་དེ་ཧུའུ་སེ་དྲག་ཆས་པའི་རླངས་འཁོར་ལ་ཕོག་ནས་དེར་ཡོད་ཀྱི་ཧུའུ་སེ་དྲག་ཆས་པའི་མི་སྣ་ཚང་མ་ཚར་གཅོད་བྱས་ཟེར། 

ཧུའུ་སེ་དྲག་ཆས་པས་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཉིན་དེར་མཱ་ལི་པུའུ་ཞིང་ཆེན་དུ་ཡོད་པའི་ཧུའུ་སེ་དྲག་ཆས་པའི་དམག་དོན་མི་སྣར་བར་སྣང་འཇབ་རྒོལ་བྱས་པར་བཤད་ཀྱང་། ཤི་རྨས་བྱུང་བའི་མི་གྲངས་གསལ་བོར་བསྒྲགས་མེད་ཟེར། 

མཱ་ལི་པུའུ་ཞིང་ཆེན་ནི་ཡེ་མིན་གྱི་རྡོ་སྣུམ་ཐོན་སྐྱེད་ས་ཁུལ་ཡིན་པ་དང་། སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་བཀོད་འདོམ་ཁང་ཡོད་སའི་གནས་ཡིན། ད་ལོའི་ཟླ་དང་པོའི་ཚུན་ལ། ཧུའུ་སེ་དྲག་ཆས་པ་དང་ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཞིང་ཆེན་དེ་ནས་འཁྲུག་རྩོད་དྲག་པོ་བྱས་ཏེ། ཉུང་མཐར་ཡང་མི་བརྒྱ་ཕྲག་ལྷག་རྐྱེན་ལམ་དུ་ཤོར་བ་དང་། ཁྱིམ་ཚང་བཞི་བརྒྱ་ལྷག་ལ་འགྲོ་སའི་ཁྱིམ་མེད་པར་གྱུར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།