ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡཱའི་ཙུང་ཐུང་གིས་རྒྱལ་དམངས་གྲོས་ཁང་གཏོར་བ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡཱའི་ཙུང་ཐུང་ཐི་པིན་གྱིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་དེའི་རྒྱལ་དམངས་གྲོས་ཁང་དམངས་གྲོས་ཁང་གཏོར་ནས་སྲིད་གཞུང་ལ་བཅོས་སྒྲིག་བྱེད་རྒྱུ་ཡིན་ཟེར། 

ཐི་པིན་གྱིས་ཉིན་དེའི་དགོང་མོར་རྒྱལ་ཡོངས་ཀྱི་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཁོས་རྒྱལ་དམངས་གྲོས་ཁང་གཏོར་ནས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཡང་བསྐྱར་སྤེལ་རྒྱུ་ཐག་བཅད་པ་དང་། གྲོས་ཁང་གསར་བའི་འདེམ་བསྐོའི་བྱ་འགུལ་ལ་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ལྟ་རྟོག་བྱེད་དགོས་ཟེར། ཐི་པིན་གྱིས་ད་རུང་སྲིད་གཞུང་ལ་བཅོས་སྒྲིག་བྱས་ཏེ། རྣམ་འགྱུར་མི་ལེགས་པའི་ནེ་ཀིའི་ཁོངས་མི་རེ་འགའ་བརྗེ་སྤོར་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཨར་ཅི་རི་ཡཱའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་གིས་རྒྱལ་དམངས་གྲོས་ཁང་གཏོར་ནས་ཟླ་གསུམ་གྱི་ནང་འདེམ་བསྐོའི་བྱ་འགུལ་སྤེལ་བའི་དབང་ཆ་ཡོད་པ་རེད། 

ཨར་ཅི་རི་ཡཱའི་གྲོས་ཁང་དེ་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གཉིས་ཀྱིས་གྲུབ་ཡོད་པ་དང་། དེའི་ནང་དམངས་གྲོས་ཁང་གི་གྲོས་མི་དག་ཡོངས་ཁྱབ་ཀྱི་འདེམ་བསྐོ་བརྒྱུད་དེ་བདམས་པ་ཡིན་ལ། འགན་ཡུན་ལོ་ལྔ་རེད། ཨར་ཅི་རི་ཡཱའི་རྒྱལ་དམངས་གྲོས་ཁང་གི་ཐེངས་སྔོན་མའི་འདེམ་བསྐོའི་བྱ་འགུལ་དེ་ཉིས་སྟོང་བཅུ་བདུན་ལོའི་ཟླ་ལྔ་བར་སྤེལ་བ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།