དབྱི་ལིང་དང་ཨུ་རུ་སིའི་མཚོ་དམག་གིས་ཧིན་རྡུ་རྒྱ་མཚོ་བྱང་མར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གསར་འགྱུར་བརྙན་འཕྲིན་ཁང་གིས་ཚེས་བཅུ་དྲུག་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་མཚོ་དམག་དང་ཨུ་རུ་སིའི་མཚོ་དམག་གིས་ཉིན་དེར་ཧིན་རྡུ་རྒྱ་མཚོ་བྱང་མ་ནས་ཚབ་མིང་ལ་མཚོ་ཐོག་བདེ་འཇགས་ས་ཁུལ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་ཟེར། 

བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱོགས་ཀྱིས་འགེབ་སྲུང་གྲུ་གཟིངས་དང་མཁོ་འདོན་གྲུ་གཟིངས། དྲག་ཆས་གྱེན་འཕུར་གནམ་གྲུ་བཅས་ཀྱིས་གྲུབ་པའི་གྲུ་གཟིངས་རུ་ཁུ་ཆུང་བ་ཞིག་དམག་དོན་སྦྱོང་བརྡར་ལ་ཞུགས་པར་མངག་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མཚོ་ཇག་ལ་ཆམ་ཕབ་གཏོང་བ་དང་འཇིགས་སྐུལ་རོང་རྒོལ་བྱེད་པ། མཚོ་ཐོག་རྒུད་སྐྱོབ་བྱེད་པ་སོགས་ཀྱི་སྦྱོང་བརྡར་སྤེལ་རྒྱུ་ཡིན་ལ། དམིགས་ཡུལ་ནི་ས་ཁུལ་གྱི་མཚོ་ཐོག་རྒྱལ་སྤྱིའི་ཉོ་ཚོང་གི་ཐུན་མོང་བདེ་འཇགས་ལ་ཤུགས་སྣོན་བྱེད་པའི་ཆེད་དུ་ཡིན་ཟེར། 

བསྒྲགས་པའི་གནས་ཚུལ་ལྟར་ན། ནམ་རྒྱུན་གྱི་ཚུན་ལ། ཨ་མེ་རི་ཁས་ཧའོ་ཨར་མུའུ་ཙི་མཚོ་འགག་དང་ཨ་མན་མཚོ་ཁུགས་ས་ཁོངས་སུ་དམག་དོན་རྒྱ་བསྐྱེད་རིང་ལུགས་ལག་བསྟར་བྱས་པ་དང་། ཨ་མེ་རི་ཁའི་དམག་དོན་བྱ་འགུལ་གྱིས་ས་ཁུལ་གྱི་གཏན་འཇགས་དང་བདེ་འཇགས་མིན་པའི་གནས་བབ་ཇེ་སྡུག་ཏུ་བཏང་ཡོད་ཟེར། 

དེ་ལས་གཞན་དབྱི་ལིང་མཚོ་དམག་གི་དམག་སྤྱི་ཧན་ཀྲ་ཏིས་ཀྱིས་ཉིན་དེར་བསྟན་དོན། རྒྱ་གར་གྱི་མཚོ་དམག་ཀྱང་དམག་དོན་སྦྱོང་བརྡར་དེའི་ནང་ཞུགས་ཡོད་ཟེར་ཡང་། ཁོས་རྒྱ་གར་ཕྱོགས་དམག་དོན་སྦྱོང་བརྡར་ནང་ཞུགས་པའི་བྱེ་བྲག་གི་དུས་ཚོད་གསལ་བོར་བསྒྲགས་མེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།