ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བའི་ཐད་ལ་ཨུ་རུ་སི་ཕྱོགས་ཀྱིས་ཅིས་ཀྱང་གྲ་སྒྲིག་བཟང་བོ་བྱེད་ངེས་ཡིན་ཞེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་དུས་ཡུན་རིང་པོར་ཨུ་རུ་སིའི་འབྲེལ་བར་གཏོར་བརླག་བྱེད་བཞིན་ཡོད་པས། ཨུ་རུ་སི་ཕྱོགས་ཀྱིས་དོན་དག་གི་འགྱུར་ལྡོག་གང་རུང་ལ་ཅིས་ཀྱང་གྲ་སྒྲིག་བཟང་བོ་བྱེད་དགོས་པ་དང་། གདམ་གསེས་དབང་ཆ་ཡོ་རོབ་གླིང་ལ་ཡོད་ཟེར།

ལ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཧྥིན་ལན་ཕྱི་འབྲེལ་པུའུ་ཀྲང་ཧ་ཝེ་སི་ཐོ་དང་གྲོས་མོལ་བྱས་པ་དང་། ཁོས་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གསར་འགོད་པའི་གྲོས་ཚོགས་བསྡུས་ཏེ་བཤད་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་དུས་ཡུན་རིང་བོར་ཨུ་རུ་སིའི་འབྲེལ་བར་གཏོར་བརླག་བྱེད་བཞིན་ཡོད་པས། ཨུ་རུ་སི་ཕྱོགས་ཀྱིས་དོན་དག་གི་འགྱུར་ལྡོག་གང་རུང་ལ་ཅིས་ཀྱང་གྲ་སྒྲིག་བཟང་བོ་བྱེད་པ་དང་། གདམ་གསེས་དབང་ཆ་ཡོ་རོབ་གླིང་ལ་ཡོད། གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ཕྱོགས་ཀྱི་འབྲེལ་བ་སླར་གསོ་བྱེད་རྒྱུ་ཐག་བཅད་པར་མ་ཟད་འབྲེལ་ཡོད་འགུལ་སྐྱོད་སྤེལ་ན། ཨུ་རུ་སི་ཕྱོགས་ཀྱིས་ཀྱང་དེའི་ཐད་ལ་གྲ་སྒྲིག་བཟང་བོ་བྱེད་ངེས་ཡིན་ཟེར།

ལ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་དོན། ཨུ་རུ་སི་དང་ཡོ་རོབ་གླིང་རྒྱལ་ཁབ་མང་ཤོས་བར་གྱི་འབྲེལ་བར་གནད་དོན་གང་རུང་མི་གནས་པ་དང་། འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་བཙུགས་པའི་ཨུ་རུ་སི་དང་ཧྥིན་ལན་བར་གྱི་འབྲེལ་བ་ནི་དཔེ་མཚོན་ལེགས་པོ་ཞིག་ཡིན། ཁོས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་ཡོ་རོབ་གླིང་ཕྱོགས་གཅིག་ཏུ་གླེང་ན་མི་འོས་པ་དང་། ཡོ་རོབ་གླིང་དུ་ཨུ་རུ་སི་ལ་མཉམ་ལས་ཀྱི་གྲོགས་པོ་གང་མང་ཡོད་ལ། ཨུ་རུ་སི་ཕྱོགས་ཀྱིས་དེ་དག་ལ་མུ་མཐུད་ནས་གཉིས་ཕན་འབྲེལ་བ་འཕེལ་རྒྱས་སུ་གཏོང་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།