ཀྲུང་གོ་བོད་ཀྱི་དྲ་བ།

པད་ཏིན་གྱིས་ཐུ་ལང་ཕུའུ་ཡི་ནག་ཉེས་ཐེར་འདོན་གྱི་འདྲི་གཅོད་བྱེད་ཐེངས་གཉིས་པའི་མཇུག་འབྲས་ལ་ཨ་ལན་བྱིན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། 2ཚེས13ཉིན། ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་དྲ་ཚིགས་སྟེང་དུ་ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་གྱིས་ཐུ་ལང་ཕུའུ་ཡི་ནག་ཉེས་ཐེར་འདོན་གྱི་འདྲི་གཅོད་བྱེད་ཐེངས་གཉིས་པའི་གྱོད་དོན་ཐད་ཀྱི་བསམ་འཆར་བསྒྲགས། པད་ཏིན་གྱིས་གསལ་བསྒྲགས་ཁྲོད་བསྟན་དོན། ཆེས་མཇུག་མཐའི་འདེམས་ཤོག་འཕངས་པ་ལ་བརྟེན་ནས་ཐུ་ལང་ཕུའུ་ལ་ནག་ཉེས་གཏན་འཁེལ་མ་བྱས་ནའང་། སྐྱོན་འདོན་ཞུ་གཏུག་བྱས་པའི་ནང་དོན་དངོས་ལ་རྩོད་ཉོག་ཅི་ཡང་མེད། ནག་ཉེས་ཡོད་པར་སྨྲ་མཁན་རྣམས་ཡིན་ནའང་འདྲ། དཔེར་ན་སྲིད་ཞུགས་གླིང་གི་གྲངས་ཉུང་ཏང་གི་འགོ་ཁྲིད་པ་མའེ་ཁང་ནེར་ལྟ་བུར་མཚོན་ནའང་། ཁོས་ཐུ་ལང་ཕུའུ་ཡིས་ལས་འགན་འཐུས་ཤོར་གྱི་ནག་ཉེས་བསགས་ཡོད་པར་ཁས་ལེ་བྱེད་ཀྱིན་ཡོད་ཅིང་། རྒྱལ་ཚོགས་ཀྱི་མདུན་ནས་བྱུང་བའི་དྲག་ཤུགས་དོན་རྐྱེན་དེའི་ཐད་ནས་ཀྱང་ནག་ཉེས་ཡོད་པར་འདོད་ཚུལ་འཛིན་གྱིན་ཡོད་ཟེར།

པད་ཏིན་གྱིས་གསལ་བསྒྲགས་ཁྲོད་བསྟན་དོན། ཆེས་བརྗེད་པར་དཀའ་བའི་དོན་རྐྱེན་འདིས་ངེད་ཅག་ལ་དམངས་གཙོའི་གཉོམ་ཞན་གྱི་ངོ་གདོང་བསྟན་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་སྲིད་ཞུགས་གླིང་གིས་ས་དེའི་ཚེས་བཅུ་གསུམ་ཉིན་ཨ་མེ་རི་ཁའི་ཙུང་ཐུང་སྔོན་མ་ཐུ་ལང་ཕུའུ་ཡི་དྲག་ཤུགས་ཟིང་ཆ་བསླངས་པའི་ནག་ཉེས་ཐེར་འདོན་གྱོད་གཞིར་འདེམས་ཤོག་འཕངས། ནག་ཉེས་ཡོད་པར་ཁས་ལེན་མཁན་གྱི་འོས་ཤོག་གིས་ནག་ཉེས་གཏན་འབེབས་འོས་ཤོག་སྤྱིའི་སུམ་ཆའི་གཉིས་མ་ཟིན་པར་བརྟེན། ཐུ་ལང་ཕུའུ་ཡི་ནག་ཉེས་གཏན་འབེབས་བྱེད་མ་ཐུབ་པར་མ་ཟད། ཁོའི་ནག་ཉེས་ཐེར་འདོན་གྱི་གྱོད་གཞི་རྩ་བ་ནས་མཇུག་རྫོགས་པར་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།