ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་མེ་ནི་ཡཱའི་ཙུང་ལི་ཡིས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་གདེང་འཇོག་ཆེན་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཞེ་ནེ་དབྱང་གིས་ཚེས་དགུ་ཉིན་ཨེ་མེ་ནི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྥན་ཡུང་ལ་ཐུག་འཕྲད་བྱེད་སྐབས་ཨེ་མེ་ནི་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གདེང་འཇོག་ཆེན་པོ་བྱས། 

ཕཱ་ཞེ་ནེ་དབྱང་གིས་བཤད་རྒྱུར། དེང་སྐབས་ཨེ་མེ་ནི་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་འགྲོ་འོང་མང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཟབ། ཨེ་མེ་ནི་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་ཅིང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་གི་དངུལ་གཏོང་དང་། མཐོ་གསར་ལག་རྩལ། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་སྔར་ལས་མཐོ་བའི་ཆུ་ཚད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ལ། ཀྲུང་གོའི་ཕྱོགས་ཀྱིས་ཨེ་མེ་ནི་ཡཱའི་ཕྱོགས་ལ་དཔལ་འབྱོར་ལག་རྩལ་ཐད་ནས་རོགས་སྐྱོར་དང་རིམས་འགོག་རྒྱབ་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས། 

ཕཱ་ཞེ་ནེ་དབྱང་གིས་ནན་གྱིས་བསྟན་དོན། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཆ་ནས། ཨེ་མེ་ནི་ཡཱ་ཕྱོགས་ཀྱིས་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་དང་རྒྱུད་གཅིག་ལམ་གཅིག་གི་གྲོས་འདོན་གྱི་སྦྲེལ་མཐུད་ལ་རྒྱབ་སྐྱོར་དང་དེར་ཟབ་ཞུགས་བྱེད་རྒྱུ་ཡིན་པ་དང་། ཀྲུང་གོའི་ཕྱོགས་ཀྱི་ཁེ་ལས་དག་ས་ཁོངས་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་ཞུགས་ཏེ་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར། 

ཕཱ་ཞི་ནེ་དབྱང་གིས་ད་རུང་ཨེ་མེ་ནི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་བརྒྱུད་དེ་ཀྲུང་གོའི་མི་དམངས་ལ་ལོ་སར་གྱི་རྟེན་འབྲེལ་ཞུས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།