ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་གིས་ཨུ་རུ་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་འབྲེལ་བ་སླར་གསོ་བྱེད་པར་སྤྲོ་བ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བརྒྱད་ཉིན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨུ་རུ་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་འབྲེལ་བ་སླར་གསོ་བྱེད་པར་སྤྲོ་བ་ཡོད་ཀྱང་། ཕྱོགས་གཉིས་ཀྱི་ཁེ་ཕན་ལ་བསམ་བློ་བཏང་བའི་རྨང་གཞིའི་སྟེང་འབྲེལ་བ་སླར་གསོ་བྱེད་དགོས་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་ཡིས་ནམ་རྒྱུན་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་འབྲེལ་བ་སླར་གསོ་བྱེད་པར་སྤྲོ་བ་ཡོད་པ་དང་། ཨུ་རུ་སི་ནི་ཨུ་རུ་སི་དང་ཡོ་རོབ་གླིང་གི་འབྲེལ་བ་མཚམས་འཇོག་ཏུ་བཅུག་པའི་ངན་སྐུལ་མཁན་མིན་ལ། ཨུ་རུ་སི་ཡིས་བལྟས་ན། ཨུ་རུ་སི་དང་ཡོ་རོབ་གླིང་གི་འབྲེལ་བས་ངེས་པར་དུ་ཕྱོགས་གཉིས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་དགོས་པར་འདོད། 

ཟླ་འདིའི་ཚེས་བཞི་ཉིན་ནས་ཚེས་དྲུག་ཉིན་བར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་ཨུ་རུ་སིར་འཚམས་འདྲི་བྱས། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བདུན་ཉིན་བསྟན་དོན། པའོ་ལོས་ལེ་ཨུ་རུ་སི་དང་བྲལ་རྗེས་ཨུ་རུ་སི་དང་ཡོ་རོབ་གླིང་གི་འབྲེལ་བའི་ཐད་ཀྱི་གཏམ་བརྗོད་དེ་ཨུ་རུ་སི་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གི་སྐད་ཆ་དང་མི་འདྲ་བས། ཨུ་རུ་སིའི་ཕྱོགས་ཧ་ལས་པར་གྱུར་ཡོད་ཟེར། 

དོན་དེའི་ཐད་ནས་ཕའེ་སི་ཁི་ཧྥུའུ་ཡིས་བལྟས་ན། དེ་ནི་ཨུ་རུ་སི་དང་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་ཉམས་ཞན་གྱི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་པ་མཚོན་མེད་པར་འདོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།