སོ་མཱ་ལིའི་དབུས་ཕྱོགས་ས་ཁུལ་དུ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལིའི་དཔོན་རིགས་ཀྱིས་ཚེས་བདུན་ཉིན་བཤད་རྒྱུར། སོ་མཱ་ལིའི་དབུས་ཕྱོགས་ཀྱི་ཅཱ་ལེ་མུའུ་ཏུའུ་ཀི་ཀྲིག་ནས་ཉིན་དེར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་དམག་མི་བཅུ་རྐྱེན་ལམ་དུ་ཤོར་ཟེར། 

ཅཱ་ལེ་མུའུ་ཏུའུ་ཀི་ཀྲིག་གི་བརྡ་འཕྲིན་པུའུ་ཀྲང་ཞེ་ལོས་ཀྱིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་དམག་མི་དྲུད་ཡོད་པའི་རླངས་འཁོར་ཞིག་ཉིན་དེར་ཀྲིག་དེའི་ལྟེ་གནས་གྲོང་ཁྱེར་ཏུའུ་སཱ་མཱ་ལོས་པུའུ་ཉེ་འདབས་ཀྱི་གཞུང་ལམ་སྟེང་བགྲོད་སྐབས་འགས་གཏོར་འཇབ་རྒོལ་ཐེབས་ཏེ། བཀོད་འདོམ་དཔོན་པོ་གཅིག་དང་བཅས་པའི་དམག་མི་བཅུ་རྐྱེན་ལམ་དུ་ཤོར་སོང་། མིག་སྔར་ད་རུང་ཤི་རྨས་ཐེབས་པའི་གནས་ཚུལ་གསལ་བོར་མི་ཤེས་ཟེར། མིག་སྔར་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་དོན་རྐྱེན་བྱུང་སི་ས་ཁོངས་བཀག་སྡོམ་བྱས་ཡོད་པ་རེད་ཟེར། 

སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།