ཀྲུང་གོ་བོད་ཀྱི་དྲ་བ།

པེད་ཏིན་སྲིད་གཞུང་གིས་མཱ་ཏུའུ་ལོ་ལ་གནས་སྐབས་སུ་གྲོས་མོལ་བྱེད་མི་སྲིད་པ་ནན་བཤད་བྱས།

  རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཟླ་གཉིས་པའི་ཚེས་གསུམ་ཉིན། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ནེ་ཏི་ཕུའུ་ལའེ་སི་ཡིས་ཨ་མེ་རི་ཁའི་ཙུང་ཐུང་ཡོ་སི་ཧྥུའུ་པེད་ཏིན་གྱིས་འགོ་ཁྲིད་པའི་སྐབས་གསར་བའི་སྲིད་གཞུང་གིས་ཉེ་བའི་དུས་སྐབས་ཤིག་ལ་ཝེ་ནེ་ཙུའེ་ལའི་ཙུང་ཐུང་ཉི་ཀུའུ་ལ་སི་མཱ་ཏུའུ་ལོ་ལ་གྲོས་མོལ་བྱེད་མི་སྲིད་པ་ནན་བཤད་བྱས།

ཕུའུ་ལའེ་སི་ཡིས་བཤད་དོན། ཨ་མེ་རི་ཁས་མུ་མཐུད་དུ་ཝེ་ནེ་ཙུའེ་ལའི་ངོ་རྒོལ་ཕྱོགས་ཁག་གི་འཐུས་མི། སྔོན་ཆད་ཀྱི་གྲོས་ཁང་གི་ཀྲུའུ་ཞི་ཧུའུ་ཨན་བཀའ་དབྱི་ཏོ་གནས་སྐབས་ཀྱི་ཙུང་ཐུང་བསྐོ་འཇོག་བྱས་པར་ཁས་ལེན་ངེས་ཡིན་ཟེར།

ཕུའུ་ལའེ་སི་ཡིས་མཱ་ཏུའུ་ལོ་ལས་གནས་སུ་མར་འབབ་དགོས་པའི་རེ་འབོད་མ་བཏོན་ནའང་ཁོས་པེད་ཏིན་སྲིད་གཞུང་གིས་མིག་སྔར་མཱ་ཏུའུ་ལོ་སྲིད་གཞུང་དང་གྲོས་མོལ་མི་བྱེད་པ་གསལ་བོར་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།