དབྱི་ཐཱ་ལེའི་ཙུང་ལེ་ཡིས་དཔལ་འབྱོར་རིག་པ་སྨྲ་བ་ཏི་ལཱ་ཅི་ལ་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ།

1.jpg

ཟླ2པའི་ཚེས3ཉིན། ཏི་ལཱ་ཅི་ཡིས་དབྱི་ཐཱ་ལིའི་རོ་མཱ་ནས་ཙུང་ཐུང་མཱ་ཐཱ་ལོས་ལཱ་དང་གྲོས་མོལ་བྱས་རྗེས་གཏམ་བཤད་སྤེལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ཐཱ་ལེའི་ཙུང་ཐུང་བཞུགས་ཤག་གིས་ཚེས་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། ཙུང་ཐུང་མཱ་ཐཱ་ལོས་ལཱ་ཡིས་དཔལ་འབྱོར་རིག་པ་སྨྲ་བ། སྔོན་ཆད་ཀྱི་ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གི་མགོ་བ་ཏི་ལཱ་ཅི་ལ་དབྱི་ཐཱ་ལེའི་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ་ཟེར། 

མཱ་ཐཱ་ལོས་ལཱ་དང་ཏི་ལཱ་ཅི་གཉིས་ཀྱིས་ཚེས་གསུམ་ཉིན་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་ཙུང་ཐུང་གི་དྲུང་ཡིག་ཆེན་མོ་ཙན་ཕའེ་ཏིས་ཀྱིས་ཙུང་ཐུང་གིས་དབང་ཆ་བསྩལ་བའི་དོན་དེ་ཕྱི་ལ་ཁྱབ་སྒྲོག་བྱས་པ་རེད། 

མཱ་ཐཱ་ལོས་ལཱ་ཡིས་ཚེས་གཉིས་ཉིན་གྱི་དགོང་མོར་བཤད་རྒྱུར། དམངས་གྲོས་ཁང་གི་གྲོས་དཔོན་ཧྥེ་ཁི་ཡིས་གྲོས་ཁང་གི་ཕྱོགས་ཁག་མང་བོའི་སྲིད་གཞུང་འཛུགས་པའི་བྱ་བ་ལེགས་འགྲུབ་མ་བྱུང་བའི་དབང་གིས་ཁོས་མྱུར་དུ་མཐོ་རིམ་མི་སྣ་ཞིག་ལ་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་དབང་ཆ་བྱིན་ནས། ཁ་ཚ་དགོས་གཏུག་གི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

ད་ལོའི་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན། ཙུང་ལི་ཁུང་ཐི་ཡི་སྲིད་འཛིན་རྣམ་འགྱུར་ལ་མ་དགའ་བའི་དབང་གིས་སྔོན་ཆད་ཀྱི་ཙུང་ལི་ལོན་ཆི་ཡིས་མགོ་ཁྲིད་པའི་དབྱི་ཐཱ་ལེའི་གསོན་ཤུགས་ཏང་སྲིད་འཛིན་མནའ་འབྲེལ་ལས་ཕྱིར་བུད་པས། སྲིད་འཛིན་མནའ་འབྲེལ་གྱི་གྲོས་ཞུགས་ཁང་གི་གོ་གནས་མང་ཆེ་བ་ཤོར་བ་རེད། གྲོས་ཞུགས་ཁང་གི་གནས་བབ་མི་ལེགས་པ་དེ་སྔོན་འགོག་བྱེད་ཆེད་ཁུང་ཐི་ཡིས་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་ཙུང་ཐུང་ལ་ལས་ཁུར་དགོངས་ཞུ་བྱེད་པའི་སྙན་ཞུ་སྤྲད་པ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།