ཀྲུང་གོ་བོད་ཀྱི་དྲ་བ།

འབར་མའི་དམག་ཕྱོགས་ཀྱིས་རྒྱལ་ཁབ་དབང་ཆ་བླངས་རྗེས་སྲིད་གཞུང་གི་གྲོས་ཚོགས་ཐོག་མ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འབར་མའི་དམག་ཕྱོགས་ཀྱིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་མེན་ཨང་ལའེ་དང་ཙུང་ཐུང་ཚབ་མ་མེན་རོས། གསར་དུ་བསྐོ་འཇོག་བྱས་པའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་པུའུ་ཀྲང་དགུ་ཡིས་ཉིན་དེར་རྒྱལ་ས་ནེ་པུས་ཏུའུ་ནས་སྲིད་གཞུང་གི་གྲོས་ཚོགས་ཐོག་མ་བསྡུས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། མེན་ཨང་ལའེ་ཡིས་གྲོས་ཚོགས་སྟེང་བྲེལ་མྱུར་དོགས་ཟོན་རྣམ་པའི་འོག་ལག་བསྟར་བྱས་པའི་འཆར་གཞི་ཁྱབ་སྒྲོག་བྱས་པ་དང་། དེའི་ནང་རིམས་འགོག་གི་གཏན་འཁེལ་ལྟར་དུ་རྒྱལ་ནང་གི་གནས་སྐོར་ལས་རིགས་དང་མགྲོན་ཁང་སོགས་ཞབས་ཞུའི་ལས་རིགས་སླར་གསོ་བྱེད་པ། དཔལ་འབྱོར་སླར་གསོ་བྱེད་པ། ལས་ཤོར་མི་སྣར་ལས་ཞུགས་གོ་སྐབས་འདོན་སྤྲོད་བྱེད་པ་སོགས་འདུས། 

འབར་མའི་དམག་ཕྱོགས་ཀྱིས་ཚེས་གཅིག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། འབར་མའི་ད་ལྟའི་སྲིད་གཞུང་ལ་གཞི་རྒྱ་ཆེ་བའི་བཅོས་སྒྲིག་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཕྱི་འབྲེལ་པུའུ་དང་རྒྱལ་སྲུང་པུའུ། མཐའ་མཚམས་ལས་དོན་པུའུ། འཆར་འགོད་དང་ནོར་སྲིད། བཟོ་ལས་པུའུ། དངུལ་གཏོང་དང་ཕྱི་ཕྱོགས་དཔལ་འབྱོར་འབྲེལ་བའི་པུའུ། རྒྱལ་སྤྱིའི་མཉམ་ལས་པུའུ་སོགས་ཀྲུང་དབྱང་སྲིད་གཞུང་སྡེ་ཁག་གི་པུའུ་ཀྲང་བཅུ་གཅིག་བརྗེ་སྤོར་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།