མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་བྱིས་པས་མི་འབོར་ཉོ་ཚོང་ཁྲོད་ཟིན་པའི་བསྡུར་ཚད་ཇེ་མཐོར་འགྲོ་བཞིན་པར་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས2ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུག་རྫས་དང་ཉེས་གསོག་གནད་དོན་གཞུང་ལས་ཁང་གིས་ཁྱབ་བསྒྲགས་བྱས་པའི《གོ་ལ་ཧྲིལ་པོའི་མི་འབོར་ཉོ་ཚོང་སྙན་ཞུའི》ནང་བྱིས་པས་མི་འབོར་ཉོ་ཚོང་ཁྲོད་ཟིན་པའི་བསྡུར་ཚད་ཇེ་མཐོར་འགྲོ་བཞིན་པར་བསྟན།

སྙན་ཞུའི་ནང་མངོན་པར། 2004ལོ་ནས2018ལོའི་བར། བརྟག་དཔྱད་ཐུབ་པའི་མི་འབོར་ཉོ་ཚོང་གི་བསྡོམས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་ལ། གནོད་འཚེ་ཕོག་མཁན་གྱི་གྲུབ་ཆར་འགྱུར་ལྡོག་བྱུང་བཞིན་ཡོད། དེའི་ཁྲོད་ན་བུད་མེད་དར་མའི་བསྡུར་ཚད74%ནས46%བར་མར་ཆག་པ་དང་། བྱིས་པའི་བསྡུར་ཚད13%ནས34%བར་ཇེ་མཐོར་སོང་ཡོད། བྱེ་བྲག་ཏུ་བུ་མོའི་བསྡུར་ཚད10%ནས19%ལ་ཇེ་མཐོར་ཕྱིན་པ་དང་བུ་ཆུང་གི་བསྡུར་ཚད3%ནས15%བར་ཇེ་མཐོར་ཕྱིན་ཡོད། 

སྙན་ཞུ་ལྟར་ན། 2018ལོར་སྙན་ཞུ་དེའི་ནང་ཚུད་པའི་རྒྱལ་ཁབ148གིས་མི་ཁྲི5ཉོ་ཚོང་བྱས་པའི་སྙན་ཞུ་ཕུལ་ཡོད། མི་འབོར་ཉོ་ཚོང་ལ་གབ་ཡིབ་རང་བཞིན་ལྡན་པས་དངོས་སུ་གནོད་འཚེ་ཕོག་མཁན་གྱི་མི་གྲངས་དེ་ལས་མཐོ་བ་ཡིན། ཉོ་ཚོང་བྱས་པའི་མི་དེ་དག་ཁྲོད་ནས་ཕྱེད་ཀ་ཙམ་ཆགས་སྲེས་བཤུ་གཞོག་ལ་སྤྱོད་པ་དང་། 38%བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་བཅུག་ཡོད་ལ། 12%བཙན་ཤེད་ཀྱིས་ཉེས་གསོག་དང་སྤྲང་སློང་། ལུས་པོའི་དབང་བོ་འཚོང་བའམ་ཡང་ན་གཉེན་སྒྲིག་ཉོ་ཚོང་སོགས་ཀྱི་གནོད་འཚེ་ཕོག་མཁན་དུ་གྱུར་ཡོད། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།