ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་ས་ཡ་གཉིས་འབུམ་ལྔ་ཁྲི་བརྒྱད་སྟོང་བཞི་སུམ་བརྒྱ་ང་གཅིག་ལ་བསླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་ས་ཡ་གཉིས་འབུམ་ལྔ་ཁྲི་བརྒྱད་སྟོང་བཞི་སུམ་བརྒྱ་ང་གཅིག་ལ་བསླེབས་ཡོད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་གཅིག་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་ཉེར་དྲུག་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་བཞི་དང་ཁྲི་བཞི་སྟོང་བཞི་ལྔ་བརྒྱ་བརྒྱད་ཅུ་ཇེ་མང་དུ་སོང་སྟེ། བསྡོམས་པས་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་ས་ཡ་གཉིས་འབུམ་ལྔ་ཁྲི་བརྒྱད་སྟོང་བཞི་སུམ་བརྒྱ་ང་གཅིག་ལ་བསླེབས་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་གཅིག་དང་བརྒྱད་བརྒྱ་གྱ་ལྔ་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཉིས་དང་འབུམ་གཉིས་ཁྲི་གཉིས་སྟོང་གཉིས་དྲུག་བརྒྱ་ཞེ་བདུན་ལ་བསླེབས་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།