འབར་མའི་དམག་ཕྱོགས་ཀྱིས་སྲིད་གཞུང་ལ་གཞི་རྒྱ་ཆེ་བའི་བཅོས་སྒྲིག་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འབར་མའི་དམག་ཕྱོགས་ཀྱིས་ཚེས་གཅིག་ཉིན་གྱི་དགོང་མོར་བརྙན་འཕྲིན་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། འབར་མའི་ད་ལྟའི་སྲིད་གཞུང་ལ་གཞི་རྒྱ་ཆེ་བའི་བཅོས་སྒྲིག་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱི་འབྲེལ་པུའུ་དང་རྒྱལ་སྲུང་པུའུ། མཐའ་མཚམས་ལས་དོན་པུའུ། འཆར་འགོད་དང་ནོར་སྲིད། བཟོ་ལས་པུའུ། དངུལ་གཏོང་དང་ཕྱི་ཕྱོགས་དཔལ་འབྱོར་འབྲེལ་བའི་པུའུ། རྒྱལ་སྤྱིའི་མཉམ་ལས་པུའུ་སོགས་ཀྲུང་དབྱང་སྲིད་གཞུང་གི་སྡེ་ཁག་བཅུ་གཅིག་གི་པུའུ་ཀྲང་བརྗེ་སྤོར་བྱེད་རྒྱུ་ཡིན་པ་དང་། རྒྱལ་དོན་སྲིད་འཛིན་པུའུ་དང་འཆར་འགོད་དང་ནོར་སྲིད། བཟོ་ལས་པུའུ། ཚོང་དོན་པུའུ་སོགས་ཀྲུང་དབྱང་སྲིད་གཞུང་གི་སྡེ་ཁག་བཅུ་དགུའི་པུའུ་ཀྲང་གཞོན་པ་ཉེར་བཞིའི་ལས་འགན་ལེན་རྒྱུ་ཡིན་ཟེར། 

འབར་མའི་དཔོན་རིགས་ཀྱིས་ཁྱབ་སྒྲོག་བྱས་པའི་གནས་ཚུལ་ལྟར་ན། འབར་མའི་ད་ལྟའི་སྲིད་གཞུང་དེ་པུའུ་ཉེར་བཞི་ཡིས་གྲུབ་ཡོད་པ་དང་། ཐེངས་འདིའི་བཅོས་སྒྲིག་དེ་སྲིད་གཞུང་གི་སྡེ་ཁག་མང་ཆེ་བར་འབྲེལ་བ་ཡོད་པ་རེད། 

འབར་མའི་ཙུང་ཐུང་ཝུན་མེན་དང་རྒྱལ་དོན་སྲིད་འཛིན་པ་ཨང་ཧྲན་སུའུ་ཅི། དེ་མིན་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་གྱི་མཐོ་རིམ་དཔོན་པོ་སྐོར་ཞིག་ཚེས་གཅིག་ཉིན་གྱི་ཞོགས་པར་དམག་ཕྱོགས་ཀྱིས་བཀག་འཇུག་བྱས་པ་དང་། འབར་མའི་དམག་ཕྱོགས་ཀྱིས་དེའི་རྗེས་སུ་ཁྱབ་སྒྲོག་བྱས་དོན། ཡུན་ཚད་ལོ་གཅིག་ཡིན་པའི་བྲེལ་མྱུར་དོགས་ཟོན་རྣམ་པ་ལག་བསྟར་བྱེད་རྒྱུ་ཡིན་ལ། རྒྱལ་ཁབ་ཀྱི་དབང་ཆ་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ལ་བརྒྱུད་སྤྲོད་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།