རོན་ཧྥུའུ་ཀྲུང་ཡང་བསྐྱར་ཡོའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོའོ་ནན་འཕྲིན་གཏོང་ཁང་གིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་བསྒྲགས་པ་ལྟར་ན། ཡོའོ་ནན་གུང་ཁྲན་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ། སྐབས་གསར་བའི་མགོ་ཁྲིད་ཐུན་མོང་འདེམ་བསྐོ་བྱས་པ་དང་། རོན་ཧྥུའུ་ཀྲུང་ཡང་བསྐྱར་ཡོའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་ཟེར། 

ཡོའོ་ནན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ནས་བདམས་པའི་སྐབས་གསར་བའི་ཡོའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ལ་ཨུ་ཡོན་བཅོ་བརྒྱད་ཡོད། དེའི་ནང་ཡོའོ་ནན་གྱི་ཙུང་ལི་རོན་ཁྲོན་ཧྥུའུ་དང་། ཡོའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧྥན་མེན་ཀྲིན་སོགས་འདུས། 

གྲོས་ཚོགས་ནས་ད་རུང་རྒྱལ་ཁབ་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཏུའུ་ཝུན་ཀྲན་དང་ཀྲུང་དབྱང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཕའེ་ཧྲི་མེན་ཧོའེ་སོགས་འདུས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། དེ་མིན་ཁོངས་གཏོགས་རྩ་འཛུགས་བཅུ་དགུས་གྲུབ་པའི་ཀྲུང་དབྱང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་། 

རོན་ཧྥུའུ་ཀྲུང་གི་གཅིག་སྟོང་དགུ་བརྒྱ་ཞེ་བཞིའི་ལོར་ཡོའོ་ནན་གྱི་ཧེ་ནེ་གྲོང་ཁྱེར་ཏུང་དབྱིན་རྫོང་ཏུང་ཧོས་ཞང་ནས་སྐྱེས་པ་དང་། ཉིས་སྟོང་བཅུ་གཅིག་ལོའི་ཟླ་དང་པོར་ཡོའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བ་ཡིན་ལ། ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་པོར་བསྟུད་འགན་ཁུར། 

ཡོའོ་ནན་གུང་ཁྲན་ཏང་གི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དེ་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་དངོས་སུ་ཚོགས་མགོ་བརྩམས་པ་དང་། ཟླ་དང་པོའི་ཚེས་སུམ་ཅུའི་ཉིན་ཡོའོ་ནན་གུང་ཁྲན་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མིང་ཐོ་ཁྱབ་སྒྲོག་བྱས། ཚོགས་ཆེན་དེ་ཟླ་གཉིས་པའི་ཚེས་གཅིག་ཉིན་གྲོལ་རྒྱུ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།