ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་འདོན་སྤྲོད་བྱེད་པར་འཐད་པ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་ཕྱོགས་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་འདོན་སྤྲོད་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་རྒྱལ་སྲུང་པུའུ་ཡི་སྲིད་གཞུང་བྱ་འགུལ་མཐུན་སྦྱོར་པའི་གཞུང་སྒྲུབ་ཁང་གི་གྲོས་གཞི་གཞིར་བཟུང་ཞིང་། ས་ཁོངས་སོ་སོའི་བར་གྱི་འབྲེལ་འདྲིས་དང་དེ་ལས་འབྱུང་བའི་བདེ་ཐང་གནད་དོན་ལ་བསམ་བློ་བཏང་སྟེ། དབྱི་སི་རལ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་ལ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་འདོན་སྤྲོད་བྱེད་པར་འཐད་པ་བྱུང་ཡོད་ཟེར། 

དབྱི་སི་རལ་དང་ཕཱ་ལེ་སི་ཐན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འགོག་སྨན་དེ་དག་ཕཱ་ལེ་སི་ཐན་གྱི་སྨན་བཅོས་མི་སྣར་བརྒྱག་རྒྱུ་ཡིན་ཟེར་ཡང་། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་གྱིས་འདོན་སྤྲོད་བྱས་པའི་འགོག་སྨན་དེ་དག་དང་ལེན་བྱས་མིན་གསལ་བོར་བསྒྲགས་མེད། 

ཕཱ་ལེ་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་བཙན་བཟུང་རྒྱལ་ཁབ་ཡིན་པའི་ཆ་ནས། ཕཱ་ལེ་སི་ཐན་མི་དམངས་ལ་བཅའ་ཁྲིམས་དང་འགྲོ་མིའི་ཐོབ་ཐང་གི་འོས་འགན་གསལ་བོ་ཁུར་དགོས་ཡོད་ལ། དེའི་ནང་པྲོག་གསར་གློ་ཚད་ཀྱི་འགོག་སྨན་ཀྱང་འདུས། ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་འདུས་པའི་ཕྱོགས་སོ་སོས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་ལ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་ཡང་བཏང་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།