ཀྲུང་གོ་བོད་ཀྱི་དྲ་བ།

འབར་མའི་ཙུང་ཐུང་ཝུན་མེན་དང་རྒྱལ་དོན་སྲིད་འཛིན་པ་ཨང་ཧྲན་སུའུ་ཅི་གཉིས་དམག་ཕྱོགས་ཀྱིས་བཀག་འཇུག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འབར་མའི་སྲིད་འཛིན་ཏང་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་གྱི་མགྲིན་ཚབ་པ་མེའོ་ཉིག་གིས་ཟླ་གཉིས་པའི་ཚེས་གཅིག་ཉིན་བཤད་རྒྱུར། འབར་མའི་ཙུང་ཐུང་ཝུན་མེན་དང་རྒྱལ་དོན་སྲིད་འཛིན་པ་ཨང་ཧྲན་སུའུ་ཅི། དེ་མིན་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ཏང་གི་མཐོ་རིམ་དཔོན་པོ་རེ་འགའ་བཅས་ཉིན་དེའི་ཞོགས་པར་དམག་ཕྱོགས་ཀྱིས་བཀག་འཇུག་བྱས་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། འབར་མའི་རྒྱལ་ཁབ་བརྙན་འཕྲིན་ཁང་ལ་བརྡ་རྟགས་མེད་པས་བརྙན་འཕྲིན་ལ་བལྟ་ཐབས་མེད་པ་དང་། རྒྱལ་ས་ནེ་པུས་ཏུའུ་དང་ཕྱི་ཕྱོགས་བར་གྱི་འཕྲིན་གཏོང་འབྲེལ་ཐག་ཆད་ཡོད། 

ཆེས་མཇུག་མཐའི་དུས་རིམ་ནང་དུ་འབར་མའི་དམག་ཕྱོགས་དང་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ཏང་གཉིས་བར་ན་ནིང་གི་འདེམ་བསྐོའི་མཇུག་འབྲས་ཐད་ནས་འགལ་བ་བྱུང་ཡོད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།