ཀྲུང་གོ་བོད་ཀྱི་དྲ་བ།

ཀྲ་ཕཱ་ལོ་ཧྥུའུ་ཡིས་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་གི་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཅིར་ཅི་སི་སི་ཐན་གྱི་གསར་དུ་བདམས་པའི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ་ཡིས་ཚེས་ཉེར་བརྒྱད་ཉིན་རྒྱལ་ས་པུས་ཧྲི་ཁའེ་ཁི་ནས་དངོས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

ཉིན་དེར་ཅིར་ཅི་སི་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྲ་དབྱེ་ཨར་ཏཱ་པེ་ཁི་ཝ་ཡིས་ལས་འགན་ཁུར་བའི་མཛད་སྒོའི་སྟེང་ཀྲ་ཕཱ་ལོ་ཧྥུའུ་ལ་ཙུང་ཐུང་བྱ་བའི་དཔང་ཡིག་དང་ཐོབ་རྟགས་སྤྲད། 

ཀྲ་ཕཱ་ལོ་ཧྥུའུ་ཡིས་ལས་འགན་ཁུར་བའི་གཏམ་བཤད་སྤེལ་ཏེ། ཅིར་ཅི་སི་སི་ཐན་གྱིས་ཕྱི་མང་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཞིང་། འཐབ་ཇུས་གྲོགས་པོའི་མཉམ་ལས་དང་དཔལ་འབྱོར་རིག་གནས་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་ནི་ཅིར་ཅི་སི་སི་ཐན་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཐོག་མའི་ཁ་ཕྱོགས་གཙོ་བོ་ཡིན། ཅིར་ཅི་སི་སི་ཐན་གྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་སྒྲོམ་གཞིའི་ནང་གི་རྒྱལ་སྤྱིའི་འོས་འགན་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཀྲ་ཕཱ་ལོ་ཧྥུའུ་ཡིས་ད་རུང་བསྟན་དོན། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཁྲོད་ཉིན་རེ་བཞིན་གལ་ཆེ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པས། ཀྲུང་གོའི་བར་གྱི་གཉིས་ཕན་མཉམ་ལས་ལ་སྔར་ལས་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།