ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་ཉི་ཤུའི་ལོར་ཨུ་རུ་སིའི་སྡོད་དམངས་ཀྱི་ཁ་གྲངས་འབུམ་ལྔ་དང་ཁྲི་གཅིག་ཙམ་ཇེ་ཉུང་དུ་སོང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བསྡོམས་རྩིས་ཅུའུ་ཡིས་ཚེས་ཉེར་བརྒྱད་ཉིན་སྤེལ་བའི་གཞི་གྲངས་ལྟར་ན། ཉིས་སྟོང་ཉི་ཤུའི་ལོར་ཨུ་རུ་སིའི་སྡོད་དམངས་ཀྱི་ཁ་གྲངས་འབུམ་ལྔ་དང་ཁྲི་གཅིག་ཙམ་ཇེ་ཉུང་དུ་སོང་ཡོད། 

གཞི་གྲངས་ལྟར་ན། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་བར། ཨུ་རུ་སིའི་སྡོད་དམངས་ཀྱི་ཁ་གྲངས་ནི་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་དྲུག་འབུམ་གཉིས་ཁྲི་གསུམ་ཙམ་ཡིན་པ་དང་། ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་དྲུག་འབུམ་བདུན་ཁྲི་བཞི་དང་བསྡུར་ཚེ། ཉིས་སྟོང་ཉི་ཤུའི་ལོར་ཨུ་རུ་སིའི་སྡོད་དམངས་ཀྱི་ཁ་གྲངས་འབུམ་ལྔ་དང་ཁྲི་གཅིག་ཙམ་ཇེ་ཉུང་དུ་སོང་ཡོད། དེ་ནི་ཉེ་བའི་ལོ་བཅོ་ལྔའི་རིང་ཨུ་རུ་སིའི་སྡོད་དམངས་ཀྱི་ཁ་གྲངས་ཇེ་ཉུང་དུ་སོང་བ་ཆེས་མང་བའི་ལོ་ཞིག་རེད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཉིས་སྟོང་བརྒྱད་ལོ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མགོའི་བར། ཨུ་རུ་སིའི་སྡོད་དམངས་ཀྱི་ཁ་གྲངས་ལོ་རེ་བཞིན་ཇེ་མང་དུ་སོང་སྟེ། ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མགོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་དྲུག་འབུམ་དགུར་བསླེབས་ནས། ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཆུ་ཚད་ཡིན་པ་རེད། ཉིས་སྟོང་བཅོ་བརྒྱད་ལོ་དང་ཉིས་སྟོང་བཅུ་དགུའི་ལོར་ཨུ་རུ་སིའི་སྡོད་དམངས་ཀྱི་ཁ་གྲངས་ལོ་རེར་འབུམ་གཅིག་ཙམ་ཇེ་ཉུང་དུ་འགྲོ་བཞིན་ཡོད། 

དུས་རབས་སྔོན་མའི་ལོ་རབས་དགུ་བའི་དུས་དཀྱིལ་ནས་བཟུང་། ཨུ་རུ་སིར་བསྟུད་མར་ལོ་མང་བོར་མི་གྲངས་ཇེ་ཉུང་དུ་སོང་བ་དང་། དེའི་དོན་དུ་ཨུ་རུ་སིའི་སྲིད་གཞུང་གིས་མ་ཡུམ་གྱི་ཐེབས་རྩ་དང་བྱིས་པ་གསར་སྐྱེས་ཀྱི་ཁྱིམ་ཚང་ལ་ཁ་གསབ་སྟེར་བ་སོགས་བྱིས་པ་སྐྱེས་པར་སྐུལ་མ་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡང་། མི་གྲངས་ཇེ་མང་དུ་འགྲོ་བའི་གནས་ཚུལ་སྔར་བཞིན་བཟང་རྒྱུ་མེད་ལ། ཨུ་རུ་སིའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཀག་རྒྱ་ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།