ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་དབྱི་སི་ལན་བཅིངས་འགྲོལ་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཡན་ལག་ལས་ཁུངས་ཀྱི་བྱ་འགུལ་ལ་བཀག་འགོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཚེས་ཉེར་བདུན་ཉིན་སྤྱི་སྒྲོག་སྤེལ་ཏེ། བདེ་འཇགས་མི་སྣས་ཨུ་རུ་སིའི་ཁཱ་ལུའུ་ཅཱ་ཀྲིག་ནས་སྔོག་བཤེར་འགུལ་སྐྱོད་སྤེལ་ཏེ། དབྱི་སི་ལན་བཅིངས་འགྲོལ་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཡན་ལག་ལས་ཁུངས་ཀྱི་ས་དེའི་ཁྲིམས་འགལ་བྱ་འགུལ་ལ་བཀག་འགོག་བྱས།

སྤྱི་སྒྲོག་ལས་བཤད་རྒྱུར། བདེ་འཇགས་མི་སྣས་འགུལ་སྐྱོད་སྤེལ་སྐབས་ལས་ཁུངས་དེའི་འཇིགས་སྐུལ་བྱ་འགུལ་སྤེལ་བའི་ཐད་བཀོལ་བའི་འཕྲིན་གཏོང་སྒྲིག་ཆས་དང་ཁྲིམས་འགལ་གྱི་དྲིལ་སྒྲོག་རྒྱུ་ཆ་སོགས་རྩད་ཆོད་ཡོད་ལ། སྤྱི་སྒྲོག་ལས་ཐེངས་འདིའི་འགུལ་སྐྱོད་ཀྱི་བྱེ་བྲག་གི་དུས་ཚོད་དང་འཛིན་བཟུང་བྱས་པའི་མི་གྲངས་སོགས་གནས་ཚུལ་གསལ་བོར་བསྒྲགས་མེད། 

སྤྱི་སྒྲོག་ལས་བཤད་རྒྱུར། དབྱི་སི་ལན་བཅིངས་འགྲོལ་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཡན་ལག་ལས་ཁུངས་ཀྱིས་ཁཱ་ལུའུ་ཅཱ་ཀྲིག་ནས་འཇིགས་སྐུལ་རིང་ལུགས་ཀྱི་བསམ་བློ་དྲིལ་སྒྲོག་བྱས་པར་མ་ཟད་ས་དེ་ནས་ཁོངས་མི་བསྡུ་ལེན་བྱེད་བཞིན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།