མའོ་ཨར་ཏའོ་ཝའི་ཙུང་ཐུང་གིས་ཅཱ་ཧྥུའུ་ལི་ལེ་ཚི་ཙུང་ལིར་མིང་འདོན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ཨར་ཏའོ་ཝའི་ཙུང་ཐུང་སིང་ཏུའུ་ཡིས་ཚེས་ཉེར་བདུན་ཉིན་སྔོན་ཆད་ཀྱི་ནོར་སྲིད་བློན་ཆེན་ཅཱ་ཧྥུའུ་ལི་ལེ་ཚི་ཙུང་ལིར་མིང་འདོན་བྱས་པ་དང་། དེར་མྱུར་དུ་ནེ་ཀི་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ། 

སིང་ཏུའུ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཅཱ་ཧྥུའུ་ལི་ལེ་ཚི་ནི་འགན་ཁུར་བའི་ཆེད་མཁས་པ་དཔེ་མེད་ཅིག་ཡིན་པར་ཁོ་མོ་ཡིད་ཆེས་ཡོད་པས། དེར་ནེ་ཀི་རྩ་འཛུགས་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་དང་རུལ་སུངས་བཅོས་སྐྱོང་གཙོར་བཟུང་བའི་སྲིད་འཛིན་རྩ་གནད་གཏན་འབེབས་བྱེད་པའི་དབང་ཆ་བྱིན་ཡོད་ཟེར། སིང་ཏུའུ་ཡིས་ད་རུང་བསྟན་དོན། ཁོ་མོས་སྔར་བཞིན་དུ་སྔ་སྣུར་སྒོས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བའི་འདོད་བློ་བཅངས་ཡོད་པ་དང་། དེ་ནི་མིག་སྔའི་ཆབ་སྲིད་ཉམས་ཉེན་གྱི་ཐར་ལམ་ཉག་ཅིག་ཡིན་པར་བསམ་ཡོད་ཟེར། 

མའོ་ཨར་ཏའོ་ཝའི་རྩ་ཁྲིམས་ལྟར་ན། གྲོས་ཁང་གིས་ངེས་པར་དུ་ཉིན་བཅོ་ལྔའི་ནང་མིང་འདོན་བྱས་པའི་ཙུང་ལིའི་ནེ་ཀི་དང་སྲིད་འཛིན་རྩ་གནད་ལ་ཡིད་ཆེས་ཡོད་མེད་ཀྱི་འདེམ་ཤོག་འཕེན་དགོས་ཡོད། གལ་ཏེ་ནེ་ཀིའི་རྩ་འཛུགས་ལ་ཕམ་ཉེས་བྱུང་ན། ཙུང་ཐུང་གིས་གྲོས་ཁང་གཏོར་ནས་སྔ་སྣུར་གྱིས་གྲོས་ཁང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱེད་པའི་དབང་ཆ་ཡོད་པ་རེད། 

ཅཱ་ཧྥུའུ་ལི་ལེ་ཚི་ཡིས་ཚེས་ཉིས་སྟོང་བཅུ་ལོར་སྐབས་ཐོག་དེའི་ཙུང་ལི་སིང་ཏུའུ་ཡི་ནེ་ཀིའི་ཁྲོད་ནོར་སྲིད་བློན་ཆེན་གྱི་འགན་ཁུར་མྱོང་བ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།