ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་སྡོད་པའི་དབྱི་སི་རལ་གཞུང་ཚབ་ཁང་དངོས་སུ་སྒོ་འབྱེད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་ཁང་གིས་ཉིན་དེར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པུས་ནས་དངོས་སུ་སྒོ་འབྱེད་བྱས། 

དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཡི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། གཞུང་ཚབ་ཁང་བཙུགས་པ་ལས་དབྱི་སི་རལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་འབྲེལ་བར་སྐུལ་འདེད་གཏོང་ཐུབ་པ་དང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་དཔལ་འབྱོར་ཚོགས་ཁག སྒེར་གཉེར་སྡེ་ཁག རིག་གཞུང་ལས་རིགས། སྨྱན་བྱད་སོགས་བར་གྱི་འབྲེལ་བ་རྒྱ་བསྐྱེད་ཐུབ་ཟེར། དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་ཨ་ཧྲི་ཁི་ནཱ་ཆི་ཡིས་གསལ་སྒྲོག་ལས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སྲིད་གཞུང་གིས་ཉིན་དེར་དབྱི་སི་རལ་ནས་གཞུང་ཚབ་ཁང་འཛུགས་པའི་ཆོད་དོན་སྤེལ་ཡོད་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་ཀྱང་དོན་དེར་དགའ་བསུ་བྱེད་པའི་ཚུལ་བསྟན་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། མའོ་ལོ་ཀིའི་རྒྱལ་ས་ལཱ་པཱ་ཐི་རུ་སྡོད་པའི་དབྱི་སི་རལ་གྱི་འབྲེལ་གཏུག་ཁྲུའུ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཏིས་པེད་ཡི་གཞུང་ཚབ་ཁང་དེ་ཡང་མ་འོངས་པའི་ཉིན་འགའི་ནང་སྒོ་འབྱེད་ཐུབ་པའི་རེ་བ་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།