ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རིམས་ནད་འགོག་བཅོས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པར་རོགས་འདེགས་བྱེད་དགོས་པའི་རེ་བ་བཏོན།

    སྤེལ་དུས། : 2021-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལེ་པཱ་ནུན་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཏིས་ཡཱ་པུའུ་ཡིས་ཚེས་ཉེར་གཉིས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་ཁ་པར་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལེ་པཱ་ནུན་གྱིས་པྲོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་པར་རོགས་འདེགས་བྱེད་དགོས་པའི་རེ་བ་བཏོན། 

ལེ་པཱ་ནུན་གྱི་ཙུང་ལིའི་བཞུགས་ཤག་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ཏིས་ཡཱ་པུའུ་ཡིས་ཁ་པར་གཏོང་སྐབས་བཤད་རྒྱུར། ལེ་པཱ་ནུན་རྒྱལ་ཡོངས་ཀྱི་གཞུང་བཙུགས་དང་སྒེར་བཙུགས་སྨན་ཁང་གིས་པྲོག་གསར་གློ་ཚད་བྱུང་བའི་ནད་པ་དང་ལེན་བྱེད་པའི་ནུས་པ་མེད་པར་གྱུར་ཡོད་པས། ནད་པ་ལྗིད་མོའི་ལྟ་སྐྱོང་ནད་ཁང་དང་དབུགས་འབྱིན་རམ་འདེགས་འཕྲུལ་ཆས་སོགས་དགོས་ངེས་ཀྱི་སྨན་བཅོས་སྒྲིག་ཆས་ཁ་སྣོན་བྱེད་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནད་པ་ལྗིད་མོའི་ལྟ་སྐྱོང་ནད་ཁང་གི་ནད་ཁྲི་ཉིས་བརྒྱ་འདོན་སྤྲོད་བྱེད་དགོས་པར་མ་ཟད། ལེ་པཱ་ནུན་ལ་རོགས་རམ་བྱས་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པའི་བྱ་བ་སྤེལ་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཁོས་ལེ་པཱ་ནུན་གྱི་མིག་སྔའི་དཀའ་སྡུག་གསལ་བོར་ཤེས་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་དང་མཉམ་དུ་རོགས་སྐྱོར་བྱེད་ཐབས་ཆེས་བཟང་བོར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།