ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པ་ནུན་གྱིས་མཉམ་འབྲེལ་རྒྱལ་ཛོགས་ཀྱི་རོགས་འདེགས་བྱས་ནས་རིམས་ནད་ཀྱི་འགྲན་རྩོད་ལ་ཁ་གཏད་འཇལ་རྒྱུའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལེ་པ་ནུན་ལྟ་སྲུང་སྲིད་གཞུང་གི་ཙུང་ལི་ཏིས་ཡ་པོ་ཡིས་ཚེས་ཉེར་གཉིས་ཉིན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་དང་ཁ་པར་བཏང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལེ་པ་ནུན་ལ་རོགས་བྱས་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཁྱེར་ཡོང་བའི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་རྒྱུའི་རེ་བ་བཏོན།

ལེ་པ་ནུན་གྱི་ཙུང་ལི་བཞུགས་ཤག་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཉིན་དེར་བསྒྲགས་པའི་གནས་ཚུལ་ལྟར་ན། ཏིས་ཡ་པོ་ཡིས་ཁ་པར་ནང་བཤད་རྒྱུར། ལེ་པ་ནུན་གྱི་རྒྱལ་ཡོངས་གཞུང་བཙུགས་དང་སྒེར་བཙུགས་སྨན་ཁང་དུ་ནད་པ་མི་ཤོང་བ་དང་། ནད་ལྕི་མོའི་ལྟ་སྲུང་ནད་ཁང་དང་དབུགས་འབྱིན་རྔུབ་འཕྲུལ་ཆས་སོགས་ཉེར་མཁོ་སྨན་བཅོས་སྒྲིག་ཆས་མཁོ་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནད་ལྕི་མོའི་ལྟ་སྲུང་ནད་ཁྲི་ཉིས་བརྒྱ་འདོན་སྤྲོད་བྱེད་པ་མ་ཟད། ལེ་པ་ནུན་ལ་རོགས་བྱས་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་རྒྱུའི་རེ་བ་བཏོན།

ཀུའུ་ཐི་ལེ་སི་ཡིས་བསྟན་དོན། ཁོས་ལེ་པ་ནུན་གྱི་མིག་སྔའི་དཀའ་ཁག་ལ་རྒྱུས་ལོན་གསལ་བོ་བྱས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་པོ་དང་མཉམ་དུ་ཆེས་བཟང་བའི་རོགས་སྐྱོར་བྱེད་ཐབས་ལ་གྲོས་སྡུར་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།