ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་པཱ་ཀ་ཏཱའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་གཅིག་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཉིན་དེར་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་ནས་བྱུང་བའི་རང་སྲོག་བཅད་དེ་འགས་གཏོར་འཇབ་རྒོལ་དོན་རྐྱེན་སྤེལ་བར་རྒོལ་གཏམ་དྲག་པོ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་པ་དང་། འདས་པོའི་ཁྱིམ་མི་དང་དབྱི་རག་སྲིད་གཞུང་། དབྱི་རག་མི་དམངས་བཅས་ལ་སྙིང་ཐག་པ་ནས་འཚམས་འདྲི་བྱས་པར་མ་ཟད། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས། ཀུའུ་ཐི་ལོས་སི་ཡིས་དབྱི་རག་མི་དམངས་ཀྱིས་གཡོ་ཇུས་གང་རུང་ལྡན་པར་ཞི་བདེ་དང་གཏན་འཇགས། མཐུན་སྒྲིལ་བཅས་ལ་གཏོར་བརླག་བྱེད་པའི་འཇིགས་སྐུལ་དྲག་ཤུགས་བྱ་སྤྱོད་ལ་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། དབྱི་རག་སྲིད་གཞུང་གིས་མྱུར་དུ་དོན་རྐྱེན་དེའི་འཆར་འགོད་མཁན་དག་དམིགས་སུ་བཟུང་ནས་ཁྲིམས་ལ་སྦྱོར་དགོས་པའི་སྐུལ་མ་བཏང་། ཀུའུ་ཐི་ལོས་སི་ཡིས་བསྐྱར་སྒྲོག་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་རག་སྲིད་གཞུང་དང་མི་དམངས་ཀྱིས་ཞི་བདེ་སྲ་བརྟན་དུ་གཏོང་བའི་རྩོལ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་མཁན་གཉིས་ཀྱིས་ཚེས་ཉེར་གཅིག་ཉིན་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱའི་གྲོང་ཁུལ་གྱི་མི་མང་བོ་འདུས་སྡོད་བྱེད་སའི་ཚོང་ར་ཞིག་ནས་སྔ་གཞུག་ཏུ་འགས་གཏོར་སྒྲིག་ཆས་འགས་གཏོར་བཏང་བ་རེད། དབྱི་རག་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། འགས་གཏོར་འཇབ་རྒོལ་དེ་ལས་མི་སོ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བརྒྱ་དང་བཅུར་རྨས་ཕོག་ཡོད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།