མཱ་ཏུའུ་ལོ་ཡིས་ཨ་མེ་རི་ཁའི་སྲིད་གཞུང་གསར་བས་ཝེ་ནེ་ཙུའེ་ལཱ་འདྲེ་སྲིན་ལྟ་བུར་བསྒྱུར་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཚེས་ཉི་ཤུའི་ཉིན་ཨ་མེ་རི་ཁའི་གསར་དུ་འགན་ཁུར་བའི་ཙུང་ཐུང་པེད་ཏིན་གྱིས་ཨ་མེ་རི་ཁ་དང་ཝེ་ནེ་ཙུའེ་ལཱའི་འབྲེལ་བར་ཡང་བསྐྱར་དཔྱད་ཞིབ་བྱས་ཏེ། སྔོན་ཆད་ཀྱི་ཙུང་ཐུང་ཐི་ལིང་ཕུའུ་སྲིད་གཞུང་གི་ཝེ་ནེ་ཙུའེ་ལཱ་འདྲེ་སྲིན་ལྟ་བུར་བསྒྱུར་བའི་བྱ་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། 

མཱ་ཏུའུ་ལོ་ཡིས་ཉིན་དེར་རྒྱལ་ཡོངས་བརྙན་འཕྲིན་གཏམ་བཤད་ཁྲོད་ཨ་མེ་རི་ཁའི་སྲིད་གཞུང་གསར་བས་རྫུན་གཏམ་གྱི་ལེའུ་མཚམས་བཞག་སྟེ། ཝེ་ནེ་ཙུའེ་ལཱ་དང་པའོ་ལེ་ཝ་ཨར་གསར་བརྗེ། ཁོ་རང་ཉིད་བཅས་ལ་ངན་བཤད་བྱེད་པ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། 

མཱ་ཏུའུ་ལོ་ཡིས་པེད་ཏིན་སྲིད་གཞུང་གིས་ཐི་ལིང་ཕུའུ་སྲིད་གཞུང་གིས་ཨ་མེ་རི་ཁ་དང་ཝེ་ནེ་ཙུའེ་ལཱའི་འབྲེལ་བའི་ཁྲོད་བཞག་པའི་ཡ་ང་བའི་ཤུལ་བཞག་དེ་ཡང་བསྐྱར་དཔྱད་ཞིབ་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་འཇོག་བྱས་པའི་རྨང་གཞིའི་སྟེང་པེད་ཏིན་སྲིད་གཞུང་བར་འབྲེལ་བ་གསར་དུ་འཛུགས་པའི་རེ་བ་ཡོད། ཁོས་ཝེ་ནེ་ཙུའེ་ལཱའི་གྲོས་ཁང་གིས་ཁྲིམས་འཛུགས་རིམ་པ་ནས་འགུལ་སྐྱོད་སྤེལ་ཏེ། ཝེ་ནེ་ཙུའེ་ལཱ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་གསར་བ་ཆགས་པར་བྱེད་དགོས་པའི་འབོད་སྐུལ་བཏང་། 

པེད་ཏིན་གྱིས་མིང་བཏོན་པའི་རྒྱལ་སྲིད་བློན་ཆེན་གྱི་འདེམ་སྒུག་པ་པུའུ་ལིན་ཁུན་གྱིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། སྐབས་གསར་བའི་ཨ་མེ་རི་ཁའི་སྲིད་གཞུང་གིས་སྔར་བཞིན་ངོ་རྒོལ་ཕྱོགས་ཁག་གི་ཁོངས་མི་གཙོ་བོ་ཧུའུ་ཨན་བཀའ་དབྱེ་ཏའོ་ཝེ་ནེ་ཙུའེ་ལཱའི་མགོ་ཁྲིད་པར་ཁས་ལེན་བྱེད་ངེས་ཡིན་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།