ཀྲུང་གོ་བོད་ཀྱི་དྲ་བ།

ཅིར་ཅི་སི་སི་ཐན་གྱི་འདེམ་བསྐོའི་ལས་ཁུངས་ཀྱིས་ཀྲ་ཕཱ་ལོ་ཧྥུའུ་ཙུང་ཐུང་གསར་བར་བདམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅིར་ཅི་སི་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉི་ཤུ་ཉིན་གྲོས་ཚོགས་བསྡུས་ཏེ། ཀྲ་ཕཱ་ལོ་ཧྥུའུ་ཙུང་ཐུང་གསར་བར་བདམས་པ་ཁས་ལེན་བྱས། 

ཅིར་ཅི་སི་སི་ཐན་གྱིས་ཚེས་བཅུ་ཉིན་ཙུང་ཐུང་འདེམ་བསྐོ་བྱས་པ་དང་། རྒྱལ་ཁབ་ཀྱི་སྲིད་སྐྱོང་སྒྲིག་ལུགས་ཐད་ནས་དམངས་ཡོངས་ཀྱིས་བརྡས་གཅོད་བྱས། ཅིར་ཅི་སི་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉི་ཤུ་ཉིན་ཁྱབ་སྒྲོག་བྱས་པའི་མཇུག་མཐའི་འདེམ་བསྐོའི་མཇུག་འབྲས་ལྟར་ན། ཀྲ་ཕཱ་ལོ་ཧྥུའུ་ལ་བརྒྱ་ཆའི་དོན་དགུ་དང་གྲངས་ཆུང་གཉིས་ཀྱི་འདེམ་ཤོག་ཐོབ་པ་དང་། མཱ་ཏུའུ་མཱ་ལོ་ཧྥུའུ་ལ་བརྒྱ་ཆའི་དྲུག་དང་གྲངས་ཆུང་བདུན་དགུའི་འདེམ་ཤོག་ཐོབ་ཡོད་པ་རེད། 

ཅིར་ཅི་སི་སི་ཐན་གྱི་རྩ་ཁྲིམས་གཏན་འཁེལ་ལྟར་ན། འདེམ་སྒུག་པར་ཕྱེད་ཀའི་ཡན་གྱི་འདེམ་ཤོག་ཐོབ་ན་ཙུང་ཐུང་དུ་བདམས་ཆོག་པས། ཅིར་ཅི་སི་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཀྲ་ཕཱ་ལོ་ཧྥུའུ་ཙུང་ཐུང་གསར་བར་བདམས་པ་རེད། 

ཅིར་ཅི་སི་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་ད་རུང་དམངས་ཡོངས་ཀྱིས་བརྡས་ཐག་བཅད་པའི་མཇུག་འབྲས་ལ་ཁས་ལེན་བྱས། བརྒྱ་ཆའི་གྱ་གཅིག་དང་གྲངས་ཆུང་བཞི་དགུའི་འདེམ་ཤོག་འཕངས་པའི་འདེམ་དམངས་ཀྱིས་ཙུང་ཐུང་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་པ་དང་། བརྒྱ་ཆའི་བཅུ་དང་གྲངས་ཆུང་དགུ་གཅིག་གི་མིས་གྲོས་ཁང་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་ལ། བརྒྱ་ཆའི་བཞི་དང་གྲངས་ཆུང་བཞི་བདུན་གྱི་མིས་སྒྲིག་ལུགས་དེ་གཉིས་ལ་རྒྱབ་སྐྱོར་མི་བྱེད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།