ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་གྱིས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གྱི་སྡོད་ཁང་གསར་འཛུགས་བྱེད་པར་ཚོང་འགུག་བྱས་པར་རྒོལ་གཏམ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་གྱིས་ཚེས་ཉི་ཤུ་ཉིན་དབྱི་སི་རལ་གྱིས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གྱི་སྡོད་ཁང་གསར་འཛུགས་བྱེད་པར་ཚོང་འགུག་བྱས་པར་རྒོལ་གཏམ་བཏང་བ་དང་། དབྱི་སི་རལ་གྱི་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་མཐུན་རང་བཞིན་གྱི་གྲོས་ཆོད་ལ་འགལ་ཡོད་པར་འདོད། 

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ལུའུ་ཏའེ་ནཱ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་བྱ་སྤྱོད་དེ་ལས་དུས་ཚོད་དམ་འཛིན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་མངོན་འགྱུར་བྱེད་པའི་རེ་བ་ཕྲ་མོ་དེ་ཡང་ཤུལ་མེད་དུ་བཟོ་བཞིན་ཡོད་པ་དང་། ཨ་མེ་རི་ཁའི་སྲིད་གཞུང་གསར་བར་བཀག་རྒྱ་སྔར་ལས་མང་བོ་བཟོ་བཞིན་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། བྱེད་ཐབས་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་མཐུན་རང་བཞིན་གྱི་གྲོས་ཆོད་ལ་འགལ་ཡོད་ལ། ཁྱད་པར་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གསུམ་གསུམ་བཞིར་འགལ་ཡོད་པས། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ས་ཁུལ་དུ་བདེ་འཇགས་དང་གཏན་འཇགས་མངོན་འགྱུར་བྱེད་མི་སྲིད་ཟེར། 

གསལ་སྒྲོག་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལངས་ཕྱོགས་བརྟན་པོས་དབྱི་སི་རལ་གྱིས་འབྲེལ་ཡོད་ཀྱི་ཚོང་འགུག་བྱ་འགུལ་བཙན་གྱིས་མཚམས་འཇོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་། 

དབྱི་སི་རལ་གྱི་ས་ཞིང་དོ་དམ་ཅུའུ་ཡིས་ཚེས་བཅུ་དགུའི་ཉིན་སྤེལ་བའི་ཚོང་འགུག་བརྡ་འཕྲིན་ལྟར་ན། དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཡེ་ལུའུ་སཱ་ལེམ་ཤར་མའི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་དུ་སྡོད་ཁང་སྟོང་གཉིས་དང་དྲུག་བརྒྱ་ཙམ་གསར་དུ་འཛུགས་པར་ཚོང་འགུག་བྱེད་རྒྱུ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།