ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཉེ་སྔོན་ཁྱབ་སྒྲོག་བྱས་པའི་ཉིང་རྡུལ་ནུས་པ་དང་འབྲེལ་བའི་བྱ་འགུལ་དེ་ཞི་བདེའི་དམིགས་ཡུལ་ཡིན་པ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། དབྱི་ལིང་གིས་མིག་སྔར་ཏི་ཧེ་ལན་ནས་ཉིང་རྡུལ་འབར་རྫས་ཀྱི་རིམ་འཕར་ཞིབ་འཇུག་བྱ་འགུལ་སྤེལ་མགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་དང་། འབྲེལ་ཡོད་ཀྱི་འཆར་གཞི་དག་དེའི་སྔོན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ལ་སྤྲད་ཡོད་ཟེར། ཁོས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འབྲེལ་ཡོད་བྱ་འགུལ་དེ་ཞི་བདེའི་དམིགས་ཡུལ་ཡིན་པ་ནན་བཤད་བྱས། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་ཀྱི་ཕྱི་འབྲེལ་པུའུ་ཡིས་མཉམ་འབྲེལ་གསལ་སྒྲོག་སྤེལ་བའི་ཐད་ནས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། དབྱི་ལིང་གིས་ཏི་ཧེ་ལན་ནས་ཉིང་རྡུལ་འབར་རྫས་ཀྱི་རིམ་འཕར་ཞིབ་འཇུག་བྱ་འགུལ་སྤེལ་བ་ནི་ཡོ་རོབ་གླིང་རྒྱལ་ཁབ་དང་གསར་འགྱུར་ལས་རིགས་ཀྱིས་བརྗོད་པའི་ཉིང་ནུས་ལྕགས་རིགས་བཟོ་གྲྭ་གཉིས་ནི་གནད་དོན་མི་འདྲ་བ་གཉིས་ཡིན། དབྱི་ལིང་གི་རྡུལ་ཕྲན་ནུས་པའི་རྩ་འཛུགས་ཀྱིས་མིག་སྔར་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ལ་ཉིང་ནུས་ལྕགས་རིགས་བཟོ་གྲྭའི་འཆར་འགོད་དང་འབྲེལ་བའི་གནས་ཚུལ་སྤྲད་མེད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བསྟན་དོན། ཉིང་ནུས་ལྕགས་རིགས་ལ་ཞི་བདེའི་སྤྱོད་སྒོ་ལྡན་པ་དང་། རྒྱལ་ཁབ་རེ་འགས་ཀྱང་བེད་སྤྱོད་བྱེད་བཞིན་ཡོད། དེ་ཉིང་རྡུལ་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་དང་འགན་སྲུང་གྲོས་ཆོད་ལ་འགལ་བ་མེད། དབྱི་ལིང་གིས་ནད་པའི་ནད་གསོ་བར་འཕྲོ་འགྱེད་ཀྱི་གསོ་རིག་མཁོ་བས། ཉིང་ནུས་ལྕགས་རིགས་ཀྱི་འབྲེལ་ཡོད་ལག་རྩལ་དེ་འཕྲོ་འགྱེད་གསོ་རིག་ཁྲོད་དུའང་མཁོ་བ་ཡིན། དབྱི་ལིང་གིས་མི་ཆོས་རིང་ལུགས་དང་ཞི་བདེའི་སྤྱོད་སྒོའི་ཐད་ནས་གནད་དོན་དེར་བསམ་བློ་གཏོང་བ་ཡིན་ཟེར། 

བསྒྲགས་པ་ལྟཏར་ན། དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དྲུག་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གིས་ཉིང་ནུས་ལྕགས་རིགས་ལ་དམངས་སྤྱོད་ཀྱི་སྤྱོད་སྒོ་ལྡན་པའི་བློ་གཏོད་རུང་བའི་རྒྱུ་མཚན་ཅི་ཡང་མེད་པ་དང་། དེས་ཐོན་སྐྱེད་བྱས་པ་ལས་དམག་དོན་གྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད་ཟེར། གསལ་སྒྲོག་ལས་དབྱི་ལིང་གིས་བྱ་འགུལ་དེ་མཚམས་འཇོག་དགོས་པར་མ་ཟད། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་ཁྲོད་ཀྱི་འོས་འགན་མྱུར་དུ་སླར་གསོ་བྱེད་རྒྱུའི་སྐུལ་མ་བཏང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།