དབྱི་རག་གིས་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་དུས་ཚོད་ཟླ་བཅུ་བའི་ཚེས་བཅུ་ཉིན་བར་རྗེས་སུ་བསྣུར་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་སྲིད་གཞུང་གིས་ཚེས་བཅུ་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་དྲུག་པར་སྤེལ་རྒྱུར་ཐག་བཅད་ཡོད་པའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་དུས་ཚོད་དེ་ཟླ་བཅུ་བའི་ཚེས་བཅུ་ཉིན་བར་རྗེས་སུ་བསྣུར་རྒྱུ་ཡིན་ཟེར། 

དབྱི་རག་གི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་རག་ནེ་ཀི་ཡིས་ཉིན་དེར་དབྱི་ལིང་རང་བཙན་མཐོ་རིམ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་དང་མཉམ་དུ་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་དུས་ཚོད་རྗེས་སུ་སྣུར་བའི་གྲོས་གཞིར་གྲོས་བསྡུར་བྱས་རྗེས། འདེམ་བསྐོའི་དུས་ཚོད་དེ་ཟླ་དྲུག་པའི་ཚེས་དྲུག་ཉིན་ནས་ཟླ་བཅུ་བའི་ཚེས་བཅུ་ཉིན་བར་རྗེས་སུ་བསྣུར་བར་གཅིག་གྱུར་ཡིད་འཐད་བྱུང་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཆོད་དོན་དེ་སྤེལ་བ་ནི་ལག་རྩལ་རྒྱུ་རྐྱེན་གཙོ་བོར་དམིགས་པ་ཡིན་ལ། མི་ཚང་མར་རང་དབང་དང་འདྲ་མཉམ་གྱིས་འདེམ་བསྐོར་ཞུགས་པའི་གོ་སྐབས་ཐོབ་ཏུ་བཅུག་སྟེ། འདེམ་བསྐོའི་དྲང་བདེན་རང་བཞིན་ལ་འགན་སྲུང་བྱེད་འདོད་པ་ཡིན་ཟེར། 

དབྱི་རག་གི་ཙུང་ལི་ཁཱ་ཏིས་མུས་ཀྱིས་གསལ་སྒྲོག་ནང་བསྟན་དོན། ཟླ་ངོ་འགའི་དམག་དོན་དང་བདེ་འཇགས་གྲ་སྒྲིག་བརྒྱད་དེ། སྲིད་གཞུང་གིས་འདེམ་བསྐོའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ནུས་པ་ཡོད་ཟེར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།