སུའུ་ཏན་སྲིད་གཞུང་གིས་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་གྱི་མི་སེར་དཀྱུས་མའི་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་སྲིད་གཞུང་གིས་ཚེས་བཅུ་དགུའི་ཉིན་བསྟན་དོན། ཏཱ་ཨར་ཧྥུའུ་ཨར་ས་ཁུལ་གྱི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ་དང་། ས་དེའི་བདེ་འཇགས་ཆུ་ཚད་མཐོར་འདེགས་བྱེད་དགོས་ཟེར། 

སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་ནམ་རྒྱུན་ཏཱ་ཨར་ཧྥུའུ་ཨར་ལྷོ་མ་ཀྲིག་དང་ཏཱ་ཨར་ཧྥུའུ་ཨར་ནུབ་མ་ཀྲིག་གི་སྡོད་ཁུལ་ལ་ལའི་བདེ་འཇགས་དོན་རྐྱེན་ལ་དོ་སྣང་བྱེད་བཞིན་ཡོད་ཅིང་། སུའུ་ཏན་སྲིད་གཞུང་གིས་རང་གི་གྲོགས་པོ་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། ཏཱ་ཨར་ཧྥུའུ་ཨར་ས་ཁུལ་གྱི་གཏན་འཇགས་དང་སྒྲིག་ལམ་སླར་གསོ་བྱས་ནས་སུའུ་ཏན་མངའ་ཁོངས་ཡོངས་སུ་ཞི་བདེ་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར། 

སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་བདེ་འཇགས་དང་འགོག་སྲུང་ཨུ་ཡོན་ལྷན་ཁང་གིས་ཏཱ་ཨར་ཧྥུའུ་ཨར་ནུབ་མ་ཀྲིག་ཏུ་བདེ་འཇགས་དམག་དཔུང་ཁ་སྣོན་བྱས་ནས། ས་དེའི་མི་སེར་དཀྱུས་མ་དང་སྤྱི་བའི་སྒྲིག་ཆས་གལ་ཆེན་ལ་སྲུང་སྐྱོབ་བྱེད་རྒྱུ་ཐག་བཅད་ཡོད་ཟེར། 

གཞན་ཡང་སུའུ་ཏན་གྱི་འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན། སུའུ་ཏན་བདེ་འཇགས་དམག་དཔུང་ཚེས་བཅུ་དགུའི་ཉིན་ཏཱ་ཨར་ཧྥུའུ་ཨར་ནུབ་མ་ཀྲིག་ཏུ་བཅའ་སྡོད་བྱས་ཏེ་ས་དེའི་གཏན་འཇགས་སྲུང་འཛིན་བྱེད་པར་རོགས་འདེགས་བྱས་ཟེར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།