ཀྲུང་གོ་བོད་ཀྱི་དྲ་བ།

ལྗར་པན་གཞུང་དོན་ཁང་གི་འགན་ཁུར་བས་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་བསྡུ་བའི་དུས་ཚོད་མི་བསྒྱུར་བར་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྗར་པན་ཐུན་མོང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཕྱི་རྒྱལ་སྨྱན་སྦྱོར་གྱིས་པྲོག་གསར་རིམས་ནད་ཀྱི་རྐྱེན་གྱིས་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་མེད་པར་བཟོ་སྲིད་ཅེས་བསྒྲགས་པར། ཚེས17ཉིན་ལྗར་པན་གཞུང་དོན་ཁང་གི་འགན་ཁུར་བ་ཅ་ཐེང་ཧྲེང་ཤིན་གྱིས་ཧྥུའུ་ཧྲི་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་ནང་བསྒྲགས་པའི་གནས་ཚུལ་དོན་དངོས་མིན་པ་མ་ཟད། ད་དུང་གཉེར་རྒྱུའི་དུས་ཚོད་དང་བྱེད་ཕྱོགས་ལ་འགྱུར་ལྡོག་མི་གཏོང་ཞེས་བཤད།    

ཅ་ཐེང་ཧྲེང་ཤིན་གྱིས“ཚོགས་ར་དང་ཉིན་རེའི་འགྲན་རིམ་ཐག་བཅད་པ་དང་། འབྲེལ་ཡོད་མི་སྣས་རིམས་འགོག་ཐབས་ཇུས་ཚུད་པའི་གྲ་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད”ཅེས་བཤད་པ་རེད།    

    点击进入下一页

ཏུང་ཅིན་ཨོ་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་སེན་ཞིས་ལང་གིས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་ཆོད་སེམས་བསྟན་པ་དང་། ཏུང་ཅིན་ཨོ་རྩལ་འགྲན་ཚོགས་སླར་ཡང་ལོ་གཅིག་ནར་འགྱངས་བྱེད་མི་སྲིད་ཅེས་བཤད་པ་རེད།

པྲོག་གསར་རིམས་ནད་རྐྱེན་གྱིས་ལྗར་པན2020ལོའི་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་དེ2021ལོའི་བར་ནར་འགྱངས་བྱ་རྒྱུ་བྱས་པ་དང་། ཉེ་ཆར། ལྗར་པན་གྱི་རིམས་ནད་གནས་ཚུལ་ཛ་དྲག་ཏུ་ཕྱིན་པ་དང་། གཏན་འཁེལ་བྱས་པའི་ནད་དཔེས་བསྟུད་མར་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། རིམས་ནད་གནས་ཚུལ་ཇེ་སྡུག་ཏུ་སོང་བ་དེས་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་བསྡུ་ཐུབ་མིན་ལ་ཉམས་སད་སྦྱིན་ཡོད།  ཏུང་ཅིན་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས2020ལོའི་ལོ་མཇུག་ཏུ་བཟོས་པའི་འཆར་གཞི་ལྟར་ན། ཨོ་རྩལ་འགྲན་ཚོགས་ཀྱི་ཚོད་ལྟའི་འགྲན་བསྡུར་དེ2021ལོའི་ཟླ3པའི་ཚེས4ཉིན་འགོ་རྩོམ་རྒྱུ་རེད།    །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།