ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་བར་སྣང་ནས་སི་རི་ཡའི་ཤར་རྒྱུད་ས་ཁུལ་ལ་འཇབ་རྒོལ་བྱས་ནས་མི་བཅུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡའི་གསར་འགྱུར་ཁང་གིས་ཚེས་བཅུ་གསུམ་ཉིན་བསྒྲགས་དོན། དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་ཉིན་དེའི་ནམ་ལངས་ཁར་སི་སི་ཡའི་ཤར་རྒྱུད་གྲོང་ཁྱེར་ཏའེ་ཨར་ཙོའུ་ཨར་དང་ཨ་པུའུ་ཁཱ་མའེ་ལི་གཉིས་ལ་བར་སྣང་ནས་འཇབ་རྒོལ་བྱས།

སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི་སི་རི་ཡའི་མིའི་བདག་དབང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་འབར་མདེལ་འཕངས་ནས་ཕར་རྒོལ་དྲག་པོ་བྱས་པའི་དམིགས་ཡུལ་ནི་སི་རི་ཡའི་དམག་དཔུང་དང་དབྱི་ལང་གིས་རྒྱབ་སྐྱོར་བྱེད་ཀྱིན་པའི་དྲག་ཆས་མི་སྣར་རྒོལ་ཆེད་ཡིན་པ་དང་། ཕར་རྒོལ་དེས་སི་རི་ཡ་སྲིད་གཞུང་གི་དམག་མི་དང་དབྱི་ལང་གིས་རྒྱབ་སྐྱོར་བྱེད་ཀྱིན་པའི་དྲག་ཆས་མི་སྣ་ང་བདུན་བསད།

སི་རི་ཡའི་ནང་འཁྲུག་བྱུང་རྗེས། དབྱི་སི་རལ་གྱི་དམག་དཔུང་གིས་ཐེངས་དུ་མར་དབྱི་ལང་གི་དམག་དོན་སྒྲིག་ཆས་ཁ་གཡོར་སར་བརྩིས་ཏེ་སི་རི་ཡའི་རྒྱལ་ཁོངས་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱེད་བཞིན་ཡོད། སི་རི་ཡ་དང་དབྱི་ལང་སྲིད་གཞུང་གིས་སི་རི་ཡ་རུ་དབྱི་ལང་གི་དམག་དཔུང་ཡོད་པ་ཁས་ལེན་གྱིན་མེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།