ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་གཏན་སྡོད་ཁང་བ་བརྒྱད་བརྒྱ་གསར་དུ་ལས་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེའི་ཕྱི་དྲོར་བཀའ་རྒྱ་བཏང་སྟེ་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་ཡ་ཧུ་ད་པའི་གཏན་སྡོད་ཁང་བ་བརྒྱད་བརྒྱ་གསར་དུ་ལས་པའི་རེ་བ་བཏོན། 

གསལ་སྒྲོག་ལས་བཤད་རྒྱུར། དེའི་ནང་སྡོད་ཁང་བརྒྱ་ལྷག་ཅོར་ཏན་གཙང་བོའི་ནུབ་འགྲམ་བྱང་ངོས་ཀྱི་ཐཱ་ལེ་མེ་ནཱ་ཞེ་གཏན་སྡོད་ས་ཁུལ་དུ་ལས་རྒྱུ་ཡིན་ཟེར། 

དབྱི་སི་རལ་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཉིས་སྟོང་ཉི་ཤུ་ལོར་དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་གཏན་སྡོད་ཁང་བ་ཁྲི་གཅིག་དང་སྟོང་གཉིས་གསར་དུ་ལས་པ་དང་། ཁ་གྲངས་དེ་ནི་ཟིན་ཐོ་ཡོད་པའི་ཚུན་གྱི་ལོ་ཧྲིལ་བོའི་ཆེས་མཐོ་བའི་ཚད་རེད། ཡ་ཧུ་ད་པའི་གཏན་སྡོད་ས་ཁུལ་གྱི་གནད་དོན་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་གྱི་བཀག་རྒྱ་གཙོ་བོ་ཞིག་ཡིན་པ་དང་། དབྱི་སི་རལ་གྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོར་དབུས་ཤར་གྱི་འཐབ་འཁྲུག་ཐེངས་གསུམ་པའི་ཁྲོད་ཡེ་ལུའུ་སཱ་ལེམ་ཤར་མ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ས་ཁུལ་སྐོར་ཞིག་བཙན་བཟུང་བྱས་པ་ཡིན་ན། དེའི་རྗེས་སུ་ས་ཁུལ་དེ་དག་ཏུ་ཡ་ཧུ་ད་པའི་གཏན་སྡོད་ས་ཁུལ་དུ་གསར་འཛུགས་བྱས་པ་རེད། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་གྱིས་ཡ་ཧུ་ད་པའི་གཏན་སྡོད་ས་ཁུལ་འཛུགས་སྐྲུན་བྱེད་མཚམས་མ་བཞག་ན་ཞི་བའི་གྲོས་མོལ་སླར་གསོ་བྱེད་མི་སྲིད་པའི་ཚུལ་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།