ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ནས་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ་དམག་མི་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་མའོ་སི་ཁོ་ཀྲིག་ནས་ཚེས་བཅུ་གཅིག་ཉིན་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། དམག་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་ཉུང་མཐར་ཡང་མི་ཞེ་གསུམ་ལ་རྨས་ཕོག 

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་དེ་མའོ་སི་ཁོ་ཀྲིག་གི་ཁི་ལཱ་སི་ནོའུ་ཀི་ཨར་སི་ཁི་གྲོང་ཁྱེར་ཉེ་འདབས་ཀྱི་གཞུང་ལམ་ཞིག་གི་སྟེང་བྱུང་བ་དང་། དངོས་སྐྱེལ་རླངས་འཁོར་ཞིག་ཁ་ལོ་བྱེད་ཐབས་བྲལ་ནས་དམག་མི་གང་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་ཐོ་བརྒྱབ་སྟེ། འགྲུལ་སྐྱེལ་རླངས་འཁོར་ནང་གི་མི་མང་བོར་ཤི་རྨས་བཟོས་པ་རེད། དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བར་རྨས་སྐྱོན་ཚབས་ཆེན་ཐེབས་མེད་ལ། དོན་རྐྱེན་བྱུང་སྐབས་རྣམ་རིག་གསལ་བོ་ཡིན་པ་རེད། 

བསྒྲགས་པ་ལྟར་ན། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་པ་དང་། དེའི་བྱེ་བྲག་གི་གནས་ཚུལ་མིག་སྔར་གསལ་བོར་མི་ཤེས། འབྲེལ་ཡོད་ལས་ཁུངས་ཀྱིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།