ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུ་ནས་རླངས་འཁོར་གདོང་ཐུག་བརྒྱབ་པའི་དོན་རྐྱེན་བྱུང་ནས་དམག་མི4རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་མའོ་སི་ཁུ་མངའ་སྡེ་རུ་ཚེས11ཉིན་རླངས་འཁོར་གདོང་ཐུག་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་ནས་དམག་མི4རྐྱེན་ལམ་དུ་ཤོར་བ་དང་གཞན་མི43ལ་རྨས་སྐྱོན་ཐེབས།

ཨུ་རུ་སུའི་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་དོན་རྐྱེན་ནི་མའོ་སི་ཁུ་མངའ་སྡེ་ཁི་ལཱ་སི་ནའོ་ཀུའར་སི་ཁུ་གྲོང་གྲོང་ཉེ་འགྲམ་གྱི་གཞུང་ལམ་སྟེང་ལྗིད་འཁོར་ཞིག་ཚོད་མ་ཟིན་པར་དམག་མི་འགྲུལ་སྐྱེལ་གྱི་འགྲུལ་འཁོར4དང་གདོང་ཐུག་བརྒྱབ་པ་ལས་བྱུང་ཞིང་། འགྲུལ་འཁོར་ནང་གི་དམག་མི་མང་པོར་ཤི་རྨས་བཟོས་པ་རེད། དོན་སྐྱོན་ཁྲོད་ལྗིད་འཁོར་གྱི་ཁ་ལོ་བར་རྨས་སྐྱོན་ཅི་ཡང་བྱུང་མེད་ལ་དོན་རྐྱེན་བྱུང་དུས་རྣམ་རིག་ཧ་ཅང་གསལ་བོ་རེད།

གསལ་བསྒྲགས་ནང་བཤད་དོན། རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་པའི་སྒང་ཡིན་ལ་ནད་གཞིའི་གནས་ཚུལ་ད་དུང་གསལ་བོ་མི་ཤེས་ཤིང། འབྲེལ་ཡོད་སྡེ་ཁག་གིས་ཐེངས་འདིའི་དོན་རྐྱེན་ལ་ཞིབ་དཔྱད་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།