ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་གྲོས་དཔོན་ཁཱ་ལེ་པཱ་ཧྥུའུ་ཡིས་ཚེས་བཅུ་ཉིན་བསྟན་དོན། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་ལས་ཕྱིར་འབུད་པར་བརྩོན་ལེན་བྱེད་མི་སྲིད་ཀྱང་། གྲོས་མཐུན་གཞིར་བཟུང་སྟེ་རྩོད་གཞི་ཐག་གཅོད་བྱེད་པའི་རྐྱེན་སྲོལ་དང་འབྲེལ་བའི་དོན་ཚན་ལྟར་གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་པའི་དབང་ཆ་ཡོད་ཟེར།
དབྱི་ལིང་གི་གྲོས་དཔོན་ཁཱ་ལེ་པཱ་ཧྥུའུ་ཡིས་གྲོས་ཁང་གི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ནུབ་ཕྱོགས་རྒྱལ་ཁབ་དག་གིས་དབྱི་ལིང་མི་དམངས་ཀྱི་ཁེ་དབང་ཁས་ལེན་བྱེད་དགོས། གལ་ཏེ་དབྱི་ལིང་ལ་མཐའ་གཅིག་ཏུ་གནོན་ཤུགས་བྱིན་ན་དགོས་ངེས་ཀྱི་རིན་དོད་འདོན་དགོས་ཡོད་ཟེར།
ཁཱ་ལེ་པཱ་ཧྥུའུ་ཡིས་བཤད་རྒྱུར། དབྱི་ལིང་གིས་རང་དབང་སྒོས་རྡོ་སྣུམ་ཕྱིར་གཏོང་ཐུབ་པ་དང་། དབྱི་ལིང་ཀྲུང་དདབྱང་དངུལ་ཁང་གིས་དཔོན་ཕྱོགས་རྐྱེན་སྲོལ་ལ་བརྟེན་ནས་ཁེ་ཕན་ཐོབ་པར་བྱེད་ཐུབ་པ། དབྱི་ལིང་གི་ཁེ་ལས་པས་ཕྱི་རྒྱལ་གྱི་མཉམ་ལས་གྲོགས་པོའི་བར་རྒྱུན་ལྡན་ངང་བྱེད་སྒོ་བྱེད་ཐུབ་པའི་སྐབས་སུ། དབྱི་ལིང་གི་བཀག་སྡོམ་ད་གཟོད་མེད་པར་བཏང་བ་ཡིན། གནས་ཚུལ་འདི་འདྲའི་འོག་ཏུ། དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱེད་རྒྱུ་ཡིན་ཟེར།
གཞན་ཡང་དབྱི་ལིང་མེད་ཧི་ཨར་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་གྲོས་ཁང་གི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཧྥ་ལཱ་ཧཱ་ནེ་ཡིས་ཚེས་དགུ་ཉིན་བཤད་རྒྱུར། གལ་ཏེ་དབྱི་ལིང་གི་དངུལ་ལོར་དང་དངུལ་ཁང་། རྡོ་སྣུམ་བཅས་ཁྱབ་ཁོངས་ཀྱི་བཀག་སྡོམ་དེ་ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་གྱི་སྔོན་ལ་མེད་པར་མ་བཏང་ན། དབྱི་ལིང་གིས་གྲོས་ཁང་གི་བཅའ་ཁྲིམས་འཆར་ཟིན་གཞིར་བཟུང་ནས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་དཔྱད་ཞིབ་མི་སྣ་མཐར་སྐྲོད་གཏོང་རྒྱུ་ཡིན་ཟེར།