ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་གྱིས་སྲིད་གཞུང་གིས་དབྱིན་ཇི་དང་ཨ་མེ་རི་ཁའི་རིམས་འགོག་སྨན་ཁབ་མི་ཉོ་བའི་བླང་བྱ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་ཧ་མའེ་ནེ་དབྱི་ཡིས་ཚེས་བརྒྱད་ཉིན་དབྱི་ལང་རྒྱལ་ཁབ་ཀྱིས་དབྱིན་ཇི་དང་ཨ་མེ་རི་ཁའི་ལག་ནས་པྲོག་དབྱིབས་རིམས་འགོག་སྨན་ཁབ་མི་ཉོ་བའི་བླང་བྱ་བཏོན། དབྱི་ལང་གི་ཧུང་ཞིན་ཟླ་ཚོགས་ཀྱིས་དེའི་རྗེས་ཨ་མེ་རི་ཁའི་ཧོས་རོས་སྨན་བཟོ་ཀུང་ཟི་ནས་རིམས་འགོག་སྨན་ཁབ་འབུམ་གཅིག་དང་ཁྲི་ལྔ་ཉོ་རྒྱུ་གཏན་འབེབས་བྱས་པའི་འཆར་གཞི་མེད་པར་བཟོས་པ་ཁྱབ་བསྒྲགས་བྱས།

ཧ་མའེ་ནེ་དབྱི་ཡིས་ཉིན་དེར་བརྙན་འཕྲིན་གཏམ་བཤད་ཁྲོད་བསྒྲགས་དོན། དབྱི་ལང་གིས་ཨ་མེ་རི་ཁ་དང་དབྱིན་ཇིའི་རིམས་འགོག་སྨན་ཁབ་བཀོལ་བ་གཏན་འགོག་བྱེད་རྒྱུ་ཡིན་ལ། གཏན་འགོག་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་དབྱིན་ཇི་དང་ཨ་མེ་རི་ཁ་གཉིས་ལ་བློ་གཏོད་མེད་ཟེར། ཁོས་མུ་མཐུད་དུ་བཤད་རྒྱུར། གལ་སྲིད་ཨ་མེ་རི་ཁས་དངོས་འབྲེལ་རིམས་འགོག་སྨན་ཁབ་དེ་འདྲའི་གོ་ཆོད་ཅིག་བཟོས་ཡོད་ཚེ། ཨ་མེ་རི་ཁའི་རྒྱལ་ནང་གི་རིམས་འགོག་གནས་སྟངས་དེ་འདྲའི་ཛ་དྲག་ཅན་དུ་འགྱུར་མི་སྲིད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།