ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱའི་ཀི་ལོན་ཏཱ་ལོ་ཞིང་ཆེན་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚད་རིམ་དྲུག་དང་གྲངས་ཆུང་གཅིག་གི་ས་འགུལ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧིན་རྡུ་ཉི་ཞི་ཡཱའི་ཀི་ལོན་ཏཱ་ལོ་ཞིང་ཆེན་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚེས་བདུན་ཉིན་གྱི་ཞོགས་པར་ཚད་རིམ་དྲུག་དང་གྲངས་ཆུང་གཅིག་གི་ས་འགུལ་བྱུང་བ་དང་། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད། 

ཨ་མེ་རི་ཁའི་ས་གཤིས་རྟོག་དཔྱོད་ཅུའུ་ས་འགུལ་བརྡ་འཕྲིན་དྲ་བས་བསྒྲགས་པ་ལྟར་ན། ས་འགུལ་དེ་ཡཱ་ཅཱ་ཏཱའི་དུས་ཚོད་ཚེས་བདུན་ཉིན་གྱི་ཞོགས་པའི་དུས་ཚོད་གསུམ་དང་སྐར་མ་ང་དགུའི་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་ནི་ཧིན་རྡུ་ཉི་ཞི་ཡཱའི་ཀི་ལོན་ཏཱ་ལོ་ཞིང་ཆེན་གྱི་ཀི་ལོན་ཏཱ་ལོ་གྲོང་ཁྱེར་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་ང་དགུའི་མཚམས་ཀྱི་མཚོ་ཁོངས་ཡིན་ལ། ས་འགུལ་གྱི་རིམ་པ་ནི་ཚད་རིམ་དྲུག་དང་གྲངས་ཆུང་གཅིག་ཡིན་པ་དང་ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་བརྒྱ་དང་ལྔ་བཅུ་ཙམ་ཡོད་ཟེར། 

ཧིན་རྡུ་ཉི་ཞི་ཡཱ་ནི་ཞི་བདེ་རྒྱ་མཚོས་བསྐོར་བའི་ས་འགུལ་མང་སར་གནས་ཤིང་། ལོ་རེར་ཆེ་ཆུང་མི་འདྲ་བའི་ས་འགུལ་སྟོང་ཕྲག་མང་བོ་འབྱུང་བཞིན་ཡོད། ཉིས་སྟོང་བཅུ་ལོའི་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན། ཧིན་རྡུ་ཉི་ཞི་ཡཱའི་སུའུ་མིན་ཏཱ་ལཱའི་མེན་ཏཱ་ཝེ་གླིང་ཚོམས་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚད་རིམ་བདུན་དང་གྲངས་ཆུང་གཉིས་ཀྱི་ས་འགུལ་བྱུང་བ་ལས་རྒྱ་མཚོ་འཕྱུར་ཏེ། ཉུང་མཐར་ཡང་མི་ལྔ་བརྒྱ་དང་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གཅིག་གར་སོང་རྙེད་མེད་ལ། སྡོད་དམངས་ཁྲི་ཕྲག་ལྷག་ལ་འགྲོ་སའི་ཁྱིམ་མེད་པར་གྱུར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།