ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་དབྱིན་གི་ལན་དང་སུའུ་གི་ལན་ས་ཁུལ་དུ་བཀག་སྡོམ་ཐེངས་གསུམ་པ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(国际疫情)(1)英国英格兰地区进行第三次“封城”

འདི་ནི་ཟླ1པའི་ཚེས5ཉིན་སྐྱེས་པ་ཞིག་ལིན་ཏུན་མཆོད་རྟེན་གྱི་མདུན་དུ་བསྐྱོད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཛ་དྲག་ཆེ་བའི་པྲོག་གསར་གློ་ཚད་རིམས་ནད་ལ་གདོང་གཏོད་ཆེད་དབྱིན་ཇིའི་དབྱིན་གི་ལན་དང་སུའུ་གི་ལན་ས་ཁུལ་གྱིས་ཚེས4ཉིན་གྱི་དགོང་མོ་ནས་བཟུང་བཀག་སྡོམ་བྱ་རྒྱུ་ཁྱབ་བསྒྲགས་བྱས། འདི་ནི་རིམས་ནད་བྱུང་རྗེས་སུ་དབྱིན་གི་ལན་ས་ཁུལ་དུ་བཀག་སྡོམ་བྱེད་ཐེངས་གསུམ་པ་རེད། བསྒྲགས་པའི་གནས་ཚུལ་ལྟར་ན། དབྱིན་གི་ལན་ས་ཁུལ་དུ་བཀག་སྡོམ་བྱེད་པའི་རིང་འཚོ་བའི་དགོས་ངེས་མཁོ་ཆས་ཉོ་སྒྲུབ་དང་། རང་ཁྱིམ་ནས་སྒྲུབ་མི་ཐུབ་པའི་ལས་ཀ་བསྒྲུབ་དུ་འགྲོ་རྒྱུ་ལས་ཕྱི་རོལ་དུ་མི་འགྲོ་བ་བྱ་རྒྱུ་དང་། སློབ་གྲྭ་ཆུང་འབྲིང་གིས་ཚེས5ཉིན་ནས་དྲ་ཐོག་ཏུ་སློབ་ཁྲིད་བྱེད་འགོ་རྩོམ་རྒྱུ་ཡིན་ལ། དམིགས་བསལ་ཞིག་ཡོད་པ་ནི་ཉམས་ཆུང་མི་ཚོགས་དང་སྨན་དོན་མི་སྣ་སོགས་ཉེན་ཆེ་མི་སྣའི་བྱིས་པ་རྣམས་སློབ་གྲྭ་ནས་སློབ་སྦྱོང་བྱ་ཆོག་པ་རེད། །

(国际疫情)(2)英国英格兰地区进行第三次“封城”

འདི་ནི་ཟླ1པའི་ཚེས5ཉིན་བཀག་སྡོམ་བྱས་པའི་ལིན་ཏུན་གྱི་གྲུ་ཁ་ཞིག་རེད།

(国际疫情)(3)英国英格兰地区进行第三次“封城”

འདི་ནི་ཟླ1པའི་ཚེས5ཉིན་སྐྱེས་པ་ཞིག་ལིན་ཏུན་ཐའེ་ཝུ་ཧྲི་ཆུ་བོའི་འགྲམ་དུ་བསྐྱོད་པའི་ཚུལ་རེད།

(国际疫情)(4)英国英格兰地区进行第三次“封城”

འདི་ནི་ཟླ1པའི་ཚེས5ཉིན་སྐྱེས་པ་ཞིག་ལིན་ཏུན་མཆོད་རྟེན་གྱི་ཟམ་པ་རུ་བསྐྱོད་བཞིན་པའི་ཚུལ་རེད།

(国际疫情)(5)英国英格兰地区进行第三次“封城”

འདི་ནི་ཟླ1པའི་ཚེས5ཉིན་སྟོང་སང་སང་དུ་གྱུར་བའི་ལིན་ཏུན་མཆོད་རྟེན་གྱི་ཟམ་པ་རེད།

(国际疫情)(6)英国英格兰地区进行第三次“封城”

འདི་ནི་ཟླ1པའི་ཚེས5ཉིན་བུད་མེད་ཞིག་ལིན་ཏུན་མཆོད་རྟེན་གྱི་མདུན་དུ་བསྐྱོད་བཞིན་པའི་ཚུལ་རེད།

(国际疫情)(7)英国英格兰地区进行第三次“封城”

 འདི་ནི་ཟླ1པའི་ཚེས5ཉིན་ཁ་ཐུམ་བརྒྱབ་པའི་གྲོང་མི་ལིན་ཏུན་ཐའེ་ཝུ་ཧྲི་ཆུ་བོའི་འགྲམ་དུ་བསྐྱོད་པའི་ཚུལ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།