ནེ་ཀྲིར་གྱི་སྡེ་བ་གཉིས་ལ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་ང་དྲུག་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲིར་ནང་སྲིད་པུའུ་ཀྲང་ཧཱ་ཏཱ་ཡིས་ཚེས་གཉིས་ཉིན་གྱི་དགོང་མོར་བཤད་རྒྱུར། ནེ་ཀྲིར་དང་མཱ་ལིའི་མཐའ་མཚམས་ས་ཁུལ་དུ་ཉེ་བའི་སྡེ་བ་གཉིས་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་པ་དང་། དྲག་ཆས་ཉེས་ཅན་གྱིས་ཉུང་མཐར་ཡང་སྡེ་མི་ང་དྲུག་བསད་པ་རེད། 

ཧཱ་ཏཱ་ཡིས་དོན་རྐྱེན་དེའི་བྱེ་བྲག་གི་ནང་དོན་ཞིབ་ཏུ་བརྗོད་མེད། ས་དེའི་དཔོན་རིགས་ཀྱིས་བཤད་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ཚེས་གཉིས་ཉིན་གྱི་ཉིན་གུང་བྱུང་བ་དང་། སྡེ་མི་མང་བོ་དམར་གསོད་བཏང་ཡོད་ལ། རྨས་མ་དག་སྨན་ཁང་དུ་བསྐྱལ་ཡོད། མིང་བཤད་མི་འདོད་པའི་ནེ་ཀྲིར་བདེ་འཇགས་སྡེ་ཁག་གི་མི་སྣ་ཞིག་གིས་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་སྡེ་བ་གཉིས་ནས་ཉུང་མཐར་ཡང་སྡེ་མི་བདུན་ཅུ་དམར་གསོད་བཏང་ཟེར། 

ཚེས་གཉིས་ཉིན་གྱི་དགོང་མོའི་བར་རྩ་འཛུགས་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།