ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཨ་ལིའུ་ཧྲིན་གླིང་ཚོམ་གྱི་ཉེ་འགྲམ་མཚོ་ཁོངས་སུ་ཚད་རིམ་དྲུག་དང་གྲངས་ཆུང་གཅིག་གི་ས་འགུལ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས3ཉིན། ཨ་མེ་རི་ཁའི་ཨ་ལ་སི་ཅ་མངའ་སྡེའི་ཨ་ལིའུ་ཧྲིན་གླིང་ཚོམ་གྱི་ཉེ་འདབས་མཚོ་ཁོངས་སུ་ཚད་རིམ་དྲུག་དང་གྲངས་ཆུང་གཅིག་གི་ས་འགུལ་བྱུང་བ་དང་།  མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་ཐེབས་པའི་གནས་ཚུལ་བསྒྲགས་མེད།

ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ཡིས་ས་འགུལ་ཆ་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཨ་ལ་སི་ཅ་ཡི་ཚེས3ཉིན་གྱི་དུས་ཚོད3དང་སྐར་མ38སྟེང་ས་འགུལ་གྱི་གནོད་འཚེ་བྱུང་བ་དང་། ས་འགུལ་གྱི་ལྟེ་བ་ཨ་ལིའུ་ཧྲིན་གླིང་ཚོམ་གྱི་ཨའེ་ཏ་ཁེ་གླིང་ཕྲན་ལྷོ་ནུབ་ཀྱི་སྤྱི་ལེ235ཡི་སར་གནས་ལ། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་བཅུ་བདུན་དང་གྲངས་ཆུང་གཅིག་ཡོད།

ཨ་ལིའུ་ཧྲིན་གླིང་ཚོམ་དེ་ཨ་ལ་སི་ཅ་མངའ་སྡེ་དང་ཐག་རིང་བ་དང་མི་འབོར་ཉུང་ལ། སྔོན་ཆད་ས་འགུལ་གྱིས་བཟོས་པའི་གནོད་སྐྱོན་ལྟོས་བཅས་ཀྱིས་ཧ་ཅང་ཆུང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།