ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་བརྒྱད་དང་ས་ཡ་གཉིས་འབུམ་ལྔ་ཁྲི་བདུན་སྟོང་དགུ་བདུན་བརྒྱ་རེ་བརྒྱད་ལ་བསླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་བརྒྱད་དང་ས་ཡ་གཉིས་འབུམ་ལྔ་ཁྲི་བདུན་སྟོང་དགུ་བདུན་བརྒྱ་རེ་བརྒྱད་ལ་བསླེབས། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་སུམ་ཅུའི་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་དྲུག་དང་ཁྲི་བཞི་ལྔ་བརྒྱ་དང་ལྔ་ཇེ་མང་དུ་སོང་སྟེ། བསྡོམས་པས་ནད་པ་བྱེ་བ་བརྒྱད་དང་ས་ཡ་གཉིས་འབུམ་ལྔ་ཁྲི་བདུན་སྟོང་དགུ་བདུན་བརྒྱ་རེ་བརྒྱད་ལ་བསླེབས་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་གཅིག་དང་སྟོང་གཅིག་ཉིས་བརྒྱ་སོ་བདུན་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་གཅིག་སྟོང་བརྒྱད་བརྒྱད་བརྒྱ་ཞེ་དགུར་བསླེབས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།