ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་རྒྱལ་ས་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2021-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་གཉིས་ཉིན། སོ་མཱ་ལིའི་སྲིད་གཞུང་གི་དཔོན་རིགས་ཀྱིས་བཤད་རྒྱུར། སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲ་ནས་ཉིན་དེར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཞིར་རྨས་ཕོག་ཡོད་ལ། འདས་པོའི་གྲས་སུ་ཐུར་ཁེའི་སྤྱི་དམངས་ཤིག་ཡོད། 

སོ་མཱ་ལིའི་སྲིད་གཞུང་གི་མགྲིན་ཚབ་པ་ཨོ་མཱ་ཨར་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་ནི་ཉིན་དེའི་ཞོགས་པར་བྱུང་བ་དང་། འཇབ་རྒོལ་དམིགས་འབེན་ནི་མའོ་ཅཱ་ཏིས་ཧྲ་ནས་ཨ་ཧྥུའུ་ཀི་ཡེ་བར་གྱི་གཞུང་ལམ་གྱི་འཛུགས་སྐྲུན་གྱི་འགན་ཁུར་བའི་ཐུར་ཁེའི་ཀུང་ཟི་ཞིག་ཡིན་པ་རེད། ཐུར་ཁེའི་སྤྱི་དམངས་གཅིག་རྐྱེན་ལམ་དུ་ཤོར་བ་ལས་གཞན་ཐུར་ཁེའི་སྤྱི་དམངས་བཞིར་རྨས་ཕོག 

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། ཐུར་ཁེ་ཕྱོགས་ཀྱིས་རྨས་སྐྱོན་ཕོག་པའི་ཐུར་ཁེའི་སྤྱི་དམངས་ཀྱི་གནས་ཚུལ་ལ་སེམས་ཁུར་བྱེད་བཞིན་ཡོད་པའི་ཚུལ་བསྟན། 

སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།