ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡཱའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གིས་རྒྱལ་སའི་ཉེ་འདབས་ནས་འཇིགས་སྐུལ་ཉེས་ཅན་བཞི་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་གཉིས་ཉིན། ཨར་ཅི་རི་ཡཱའི་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཨར་ཅི་རི་ཡཱའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གིས་ཉིན་དེར་རྒྱལ་ས་ཨར་ཅིར་ཉེ་འདབས་ཀྱི་རི་ཁུལ་ནས་འཇིགས་སྐུལ་ཉེས་ཅན་བཞི་བསད་པ་དང་། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གི་དམག་མི་གཉིས་རྐྱེན་ལམ་དུ་ཤོར། 

གསལ་སྒྲོག་ལས་བཤད་རྒྱུར། ཨར་ཅི་རི་ཡཱའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གིས་ཚེས་གཉིས་ཉིན་ཨར་ཅི་རི་ཡཱའི་ནུབ་ངོས་ཀྱི་སྤྱི་ལེ་རེ་ལྔའི་མཚམས་སུ་ཡོད་པའི་རི་ཁུལ་དུ་སྐོར་གཡེང་བྱེད་སྐབས་འཇིགས་སྐུལ་ཉེས་ཅན་སྐོར་ཞིག་དང་འཁྲུག་རྩོད་བྱས་ཏེ། འཇིགས་སྐུལ་ཉེས་ཅན་བཞི་བསད་པ་དང་མཚོན་ཆ་སྐོར་ཞིག་གཞུང་བཞེས་བྱས། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གི་དམག་མི་གཉིས་འཁྲུག་རྩོད་བྱེད་སྐབས་རྐྱེན་ལམ་དུ་ཤོར་བ་རེད་ཟེར། 

ཨར་ཅི་རི་ཡཱ་ན་ཉེ་བའི་ལོ་འགའི་རིང་ལ་འཇིགས་སྐུལ་བྱ་འགུལ་ལ་ཆམ་ཕབ་དྲག་པོ་གཏོང་བའི་རྣམ་པ་སྲུང་འཛིན་བྱས་ཡོད་པ་དང་། གྲོང་ཁྱེར་གཙོ་བོའི་བདེ་སྲུང་གནས་ཚུལ་བཟང་ཡང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་རྟེན་གཞི་རྩ་འཛུགས་ལ་བློ་དཀར་བར་ཁྱབ་སྒྲོག་བྱས་པའི་འཇིགས་སྐུལ་ཉེས་ཅན་སྐོར་ཞིག་སྔར་བཞིན་ཨར་ཅི་རི་ཡཱའི་བྱང་ཕྱོགས་རི་ཁུལ་དུ་འགུལ་སྐྱོད་བྱེད་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།