ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་ཉེ་སྔོན་དབྱི་ལིང་ཉེ་འཁོར་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ཇེ་མང་དུ་གཏོང་བཞིན་པའི་ཐད་ནས་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བསྟན་དོན། དབྱི་ལིང་གིས་འཐབ་འཁྲུག་འབྱུང་བར་རེ་བ་བྱེད་མི་སྲིད་ལ། དབྱི་ལིང་མི་དམངས་ལ་སྲུང་སྐྱོབ་བྱས་ཏེ་། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་གཙོ་བོར་སྲུང་སྐྱོབ་བྱེད་རྒྱུ་ཡིན།
ཀྲ་ལི་ཧྥུའུ་ཡིས་ཉིན་དེར་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་ཧུར་ཐག་སྒོས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པ་མ་ཡིན་པར། འགྲོ་སོང་མང་བོ་བཏང་སྟེ་རྒྱང་བསྟེན་འཐབ་ཇུས་འགས་གཏོར་གནམ་གྲུ་དང་གྲུ་གཟིངས་དག་དབྱི་ལིང་གི་ཉེ་འཁོར་ས་ཁུལ་དུ་མངག་བཞིན་ཡོད། འབྲེལ་ཡོད་གསང་འཕྲིན་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་ཕྱོགས་ཀྱིས་འཐབ་འཁྲུག་གི་ཁ་གཡོར་ས་རྫུན་བཟོ་བྱེད་པའི་གཡོ་ཇུས་ལྡན་པ་རེད་ཟེར།
ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུའི་ཉིན་བསྟན་དོན། རྒྱང་བསྟེན་འཐབ་ཇུས་འགས་གཏོར་གནམ་གྲུ་གཉིས་ཉིན་དེར་དབུས་ཤར་ས་ཁུལ་དུ་འཕུར་ཡོང་བ་རེད། ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དེ་ནི་ཨ་མེ་རི་ཁས་ཟླ་འདིའི་ནང་སྤེལ་བའི་རིགས་མཐུན་བྱ་འགུལ་ཐེངས་གཉིས་པ་རེད། དབྱི་ལིང་གིས་ཨ་མེ་རི་ཁ་དང་དེའི་མནའ་མཐུན་གྲོགས་པོའི་དབུས་ཤར་ས་ཁུལ་གྱི་དམིགས་འབེན་ལ་དཔུང་འཇུག་བྱེད་པར་སྔོན་འགོག་བྱེད་པའི་ཆེད་དུ་ཡིན་པ་རེད། དེའི་སྔོན་ཨ་མེ་རི་ཁའི་མཚོ་དམག་གི་ཉིང་རྡུལ་ཆུ་འཛུལ་གྲུ་གཟིངས་ཤིག་དང་དམག་དོན་གྲུ་གཟིངས་གཉིས་ཧའོ་ཨར་མུའུ་ཙི་མཚོ་འགག་བརྒྱུད་པ་རེད།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་རྒྱལ་ཁབ་བདེ་འཇགས་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུའི་བསམ་ཚུལ་བསྟན།