ཀྲུང་གོ་བོད་ཀྱི་དྲ་བ།

པའོ་ཚི་ཝ་ནཱ་དང་ནཱ་སྨི་པུ་ཡཱ་ཡིས་རྒྱལ་ཁབ་གཉིས་བར་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

    སྤེལ་དུས། : 2021-01-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥེ་རི་ཁཱ་ལྷོ་ངོས་ཀྱི་རྒྱལ་ཁབ་པའོ་ཚི་ཝ་ནཱ་དང་ནཱ་སྨི་པུ་ཡཱ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། པའོ་ཚི་ཝ་ནཱའི་རྒྱལ་སྲུང་དམག་དཔུང་གིས་ནཱ་སྨི་པུ་ཡཱའི་སྤྱི་དམངས་གསུམ་བསད་པ་ལས་བྱུང་བའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་དོན་དེར་མཐོང་ཆེན་བྱེད་ཅིང་། རྒྱལ་ཁབ་གཉིས་ཀྱི་ཉེན་རྟོག་པས་མཉམ་འབྲེལ་རྟོག་ཞིབ་ཚན་ཆུང་བཙུགས་ཏེ་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་འདས་པོའི་ཁྱིམ་མིར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་པ་དང་། རྒྱལ་དམངས་དག་གིས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་མཉམ་དུ་འབད་བརྩོན་བྱས་ནས་རིགས་དེ་མཚུངས་ཀྱི་གནད་དོན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་པར་ཁས་ལེན་བྱས།

ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། པའོ་ཚི་ཝ་ནཱའི་རྒྱལ་སྲུང་དམག་དཔུང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་མཚམས་ཀྱི་ཆའོ་པེ་གཙང་འགྲམ་ནས། ནཱ་སྨི་པུ་ཡཱའི་སྤྱི་དམངས་གསུམ་དང་ཙན་པུ་ཡཱའི་སྤྱི་དམངས་གཅིག་རྔོན་པར་འཁྲུལ་ནས་བསད་པ་རེད། འདས་པོའི་ཁྱིམ་མིས་བསྟན་དོན། གནོད་ཐེབས་མཁན་ནི་ཉ་བདའ་ཡིན་པ་དང་། སྐབས་ཐོག་དེར་ཆའོ་པེ་གཙང་འགྲམ་དུ་ཉ་བདའ་བཞིན་ཡོད། དོན་རྐྱེན་དེ་དབང་གིས་ནཱ་སྨི་པུ་ཡཱའི་མང་ཚོགས་ཀྱིས་ངོ་རྒོལ་དྲག་པོ་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།